འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་5ཉིན།

༄༅།།ཅང་སུའུ་ཞིང་ཆེན་གྱིས་སྲིད་ཇུས་བཏོན་ནས་སློབ་ཆེན་སློབ་མ་དམག་དཔུང་ནང་ཞུགས་རྒྱུར་ལྕག་སྐུལ་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་05ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ནན་ཅིང་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། སློབ་ཆེན་སློབ་མ་དང་ལྷག་དོན་དུ་སློབ་ཆེན་གྱི་སློབ་ཐོན་སློབ་མ་དམག་དཔུང་ནང་ཞུགས་རྒྱུར་ལྕག་སྐུལ་བྱ་ཆེད། ཅང་སུའུ་ཞིང་ཆེན་གྱིས་ཉེ་ཆར་སློབ་ཚན་གཟིགས་སྐྱོང་དང་དམག་ཁོངས་ཕྱིར་འཐེན་བཀོད་སྒྲིག་སྐོར་གྱི་སྲིད་ཇུས་བཏོན་པ་རེད།
   ཅང་སུའུ་ཞིང་ཆེན་དམག་བསྡུ་གཞུང་ལས་ཁང་གི་ཀྲུའུ་རེན་ཞིང་ཆེན་དམག་ཁུལ་སྐུལ་སློང་ཅུས་ཀྱི་ཅུས་ཀྲང་ཧན་ཐའོ་ཡིས། དམག་དཔུང་དུ་ཞུགས་ནས་ལོ་5(ཚུད)ཡན་ཟིན་པའི་ཅང་སུའུ་ཞིང་ཆེན་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ཚོས་ཆ་རྐྱེན་དང་འཚམ་པའི“ནུབ་རྒྱུད་འཆར་གཞི”དང་། “སུའུ་པེའི་འཆར་གཞི” “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་འཆར་གཞི”བཅས་ཀྱི་དང་བླངས་པ་དང་། སློབ་ཆེན་སློབ་མའི་གྲོང་དཔོན་དང་མཉམ་དུ་གཞུང་ལས་པའི་གནས་གཏན་འཁེལ་གྱི་རྒྱུགས་བསྡུའི་འཆར་གཞི་ལོངས་སུ་སྤྱོད་ཆོག་པ་དང་། བྱ་གཞག་ཚན་པའི་དོ་དམ་ལས་གནས་དཀྱུས་མ་དང་ལས་སྒྲུབ་རྩལ་ནུས་ཀྱི་ལས་གནས་ལ་ལོ་རེ་བཞིན་ཡོངས་བསྒྲགས་ཐོག་མི་སྣ་ལས་བསྡུ་བྱེད་སྐབས། ཁག་སོ་སོའི་10%དང་30%ལས་མི་ཉུང་བའི་ལས་གནས་སུ་ལོ་དེ་རང་ལ་དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་ཅང་སུའུ་ཞིང་ཆེན་གྱི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ལས་བསྡུ་བྱེད་ཀྱི་ཡིན། ལོ་དེ་རང་ལ་སློབ་ཆེན་སློབ་ཐོན་སློབ་མ་དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་ལོ་གཅིག་ནང་ཚུན་དུ་ལོ་དེ་རང་གི་སློབ་ཐོན་སློབ་མ(ལས་བསྡུ)བསྡུ་སྤྱོད་ཀྱི་རིམ་མཚུངས་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
   2022ལོ་ནས་བཟུང་། ལོ་སྟོད་དུ་དམག་དཔུང་ནང་ཞུགས་རྒྱུར་ཆོག་མཆན་སྤྲད་པའི་ཆེད་ཚན་དང་། དངོས་གཞི། དེ་བཞིན་དེ་ཡན་གྱི་སློབ་ཐོན་འཛིན་གྲྭའི་སློབ་མ་བཅས་ཀྱིས་སློབ་སྦྱོང་གི་ལས་འགན་གྲུབ་ནས་སློབ་ཐོན་ཆ་རྐྱེན་དང་འཚམ་རིགས་ལ་སློབ་གྲྭས་སློབ་ཐོན་ཆོག་འཐུས་སྤྲོད་རྒྱུ་དང་། ཧུའུ་པེར་རོགས་སྐྱོར་གྱི་རིམས་འགོག་འཐབ་ས་དང་པོའི་ལས་འགན་ནང་ཞུགས་པའི་ལས་སྒྲུབ་མི་སྣ་དང་དེའི་བུ་ཕྲུག དེ་བཞིན་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་སྒྲུབ་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་བཅས་སྔོན་དུ་བསྡུ་བའི་ཁྱབ་ཁོངས་སུ་འཇུག་རྒྱུ་རེད། གཞན་ཡང་། ཅང་སུའུ་ཞིང་ཆེན་གྱིས་ད་དུང་ཡིག་ཆ་6བཏོན་ནས་མཐོ་སློབ་ཀྱི་དམག་བསྡུ་དང་། བུད་མེད་དམག་བསྡུ། སྤྱོད་གཙང་དམག་བསྡུ་སོགས་ཀྱི་ལས་དོན་ཚད་ལྡན་དུ་བཏང་བ་དང་། བྱང་ཚད་མཐོ་བའི་ན་གཞོན་བསྡུ་རྒྱུར་ལམ་ལུགས་ཀྱི་ཐད་ནས་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་རེད།
   མིག་སྔར། ཅང་སུའུ་ཞིང་ཆེན་དུ་ན་སོ་ལོན་པའི་ན་གཞོན་ཁྲི་16ལྷག་གིས་དམག་དཔུང་ནང་ཞུགས་རྒྱུར་མིང་ཐོ་བཀོད་པའི་ཁྲོད་སློབ་ཆེན་སློབ་མ་ཁྲི་7ལྷག་ཙམ་དང་སློབ་ཆེན་གྱི་སློབ་ཐོན་སློབ་མ་ཁྲི་3ལྷག་ཙམ་ཡོད་པ་རེད།