འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་4ཉིན།

༄༅༎སི་ཁྲོན་ལིའང་ཧྲན་ཁུལ་གྱི་མུ་ལི་རྫོང་དུ་ཐོལ་བྱུང་གི་རི་ཉིལ་བའི་དོན་རྐྱེན་ཐོན་པ། 
དུད་ཚང་63གྱི་མི་280གནས་སྤོས་ལམ་ལྷོང་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་04ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
དཔལ་ལྡན་མེའོ་རིགས་ཤང་གི་ཀ་སྨི་ཕིང་གྲོང་ཚོའི་མའེ་ཅ་ཕིང་ཚོགས་ཆུང་དུ་རི་ཉིལ་བའི་གནས་ཚུལ་ཧྲིལ་པོ།
དཔལ་ལྡན་མེའོ་རིགས་ཤང་གི་ཀ་སྨི་ཕིང་གྲོང་ཚོའི་མའེ་ཅ་ཕིང་ཚོགས་ཆུང་དུ་རི་ཉིལ་བའི་གནས་ཚུལ་ཧྲིལ་པོ།
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་3ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་8ཚེས་2ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ཙམ་ལ། ཉེ་དུས་བསྟུད་མར་ཆར་བ་འབབ་པའི་རྐྱེན་གྱིས་ལིའང་ཧྲན་ཁུལ་གྱི་མུ་ལི་རྫོང་དཔལ་ལྡན་མེའོ་རིགས་ཤང་ཀ་སྨི་ཕིང་གྲོང་ཚོའི་མའེ་ཅ་ཕིང་ཚོགས་ཆུང་དུ་རི་ཉིལ་ནས། དུད་ཚང་1གི་ཁང་མིག་7ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་། དུད་ཚང་9ཡི་ཁང་མིག་9ལ་གནོད་འཚེ་ཕྲན་བུ་ཕོག་སྟེ་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་35བཟོས་ཡོད། མཉམ་དཔྱད་མཉམ་འགོག་མ་ལག་འཐུས་ཚང་ཡིན་པ་དང་། ལྟ་ཞིབ་ཚད་ལེན་མི་སྣས་ལྟ་ཞིབ་ཚད་ལེན་གནད་ལ་འཁེལ་བ་བྱས་པ། དུས་ཐོག་སྔོན་བརྡ་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བ། ཆ་འཕྲིན་བརྒྱུད་སྤྲོད་ཐོགས་མེད་ཤར་བགྲོད་ཡིན་པ། གནོད་འཚེ་ཕོག་འཕྲལ་ཐག་གཅོད་བྱེད་ཐབས་འཚམ་པོ་བཅས་བྱུང་བས། དུས་ཐོག་ཏུ་དུད་ཚང་63གྱི་མི་280ཕྱིར་འཐེན་གནས་སྤོ་བྱས་ཏེ། དུད་ཚང་10ཡི་མི་44གནོད་འཚེས་རྐྱེན་པའི་འཆི་རྨས་མི་ཡོང་བ་བྱས་པ་དང་། དཔལ་འབྱོར་གྱོང་གུན་སྒོར་ཁྲི་50.32མི་ཕོག་པ་བྱས་ནས། བདེ་བླག་ངང་ཉེན་གཡོལ་ཐུབ་པ་བྱུང་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། འབྲུབ་ཆུ་རྒྱས་ཚུན། སི་ཁྲོན་ལིའང་ཧྲན་ཁུལ་དུ་དྲག་ཆར་དུས་ཐེངས་43བབས་ལ། འདི་ནི་ད་ལོ་ལིའང་ཧྲན་ཁུལ་གྱིས་ལེགས་འགྲུབ་ངང་གཡོལ་པའི་ས་གཤིས་གནོད་འཚེ་ཐེངས་16པ་དེ་ཡིན།
     ད་ཐེངས་ཀྱི་རི་ཉིལ་བའི་གནོད་འཚེ་དེ་མུ་ལི་རྫོང་དཔལ་ལྡན་མེའོ་རིགས་ཤང་ཀ་སྨི་ཕིང་གྲོང་ཚོའི་མའེ་ཅ་ཕིང་ཚོགས་ཆུང་དུ་ཐོན་ཡོད། ཟླ་8ཚེས་2ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ཡི་གཡས་གཡོན་དུ་བསྟུད་མར་ཆར་པ་བབས་པའི་རྐྱེན་གྱིས་རི་ཉིལ་བ་རེད། གནོད་འཚེའི་གཞི་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་50000ཙམ་ཟིན་ལ། རི་ཉིལ་ཆུང་གྲས་ཁོངས་སུ་གཏོགས། བསྡོམས་རྩིས་བྱས་པ་ལྟར་ན། དཔལ་ལྡན་མེའོ་རིགས་ཤང་ཀ་སྨི་ཕིང་གྲོང་ཚོའི་མའེ་ཅ་ཕིང་ཚོགས་ཆུང་གི་རི་ཉིལ་བའི་ས་གཤིས་གནོད་འཚེ་ལས་དུད་ཚང་1དང་ཁང་མིག་7ལ་གནོད་འཚེ་ཕོག་པ་དང་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་35བཟོས་ཡོད། དུད་ཚང་63གྱི་མི་280ལ་འཇིགས་སྐུལ་བཟོས་ཡོད།
     གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ལིའང་ཧྲན་ཁུལ་གནམ་གཤིས་བརྟག་དཔྱད་ཅུས་ཀྱི་གནམ་གཤིས་སྔོན་བརྡར་གཞིགས་ན། ཟླ་7ཚེས་30ཉིན་གྱི་ཆུ་ཚོད་16དང་སྐར་མ་57ཐོག་ལིའང་ཧྲན་ཁུལ་ས་གཤིས་གནོད་འཚེ་སྔོན་འགོག་གཞུང་ལས་ཁང་གིས་མུ་ལི་རྫོང་གི་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་ཉེན་བརྡའི་རིམ་པ་དེ“ཉེན་ཁ་ཆེ་བའི”རིམ་པ་གཉིས་པའི་ཉེན་བརྡ་ཁྱབ་བསྒྲགས་བྱས་པ་རེད། ཟླ་7ཚེས་31ཉིན་དང་ཟླ་8ཚེས་1ཉིན་གྱི་ཕྱི་དྲོ། ཁུལ་དང་ས་ཁུལ་གྱི་གནོད་འཚེ་སྔོན་འགོག་གཞུང་ལས་ཁང་གིས་རྫོང་དང་གྲོང་ཁྱེར་ཁག་ལ་ས་གཤིས་གནོད་འཚེ་སྔོན་འགོག་གི་འགན་འཁྲི་དང་བྱེད་ཐབས་དོན་འཁྱོལ་བྱས་ནས་ལས་རེས་ནན་པོ་བྱེད་པ་དང་། སྐོར་ཞིབ་གྲལ་བཤེར་ལ་ཤུགས་སྣོན་རྒྱག་པ། དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། རང་འགུལ་ངང་གཟུར་གཡོལ་དང་སྔ་སྣུར་དུ་གཡོལ་རྒྱུར་དམ་འཛིན་ཡག་པོ་བཅས་བྱ་དགོས་པའི་བླང་བྱ་བཏོན་པ་རེད། ཟླ་8ཚེས་2ཉིན་གྱི་ཆུ་ཚོད་8པར། ལྟ་ཞིབ་ཚད་ལེན་པ་སུའུ་ཚའེ་མོས་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་རི་ཉིལ་བའི་སྣང་ཚུལ་ཡོད་པ་ཤེས་རྟོགས་བྱུང་ནས་འཕྲལ་དུ་ཤང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོར་སྙན་སེང་ཞུས་པ་རེད། གྲོང་ཚོའི་ལས་བྱེད་པས་འཕྲལ་དུ་གྲོང་མི་སྒྲིག་འཛུགས་བྱས་ཏེ་སྔ་སྣུར་དུ་རང་འགུལ་ངང་གཟུར་གཡོལ་བྱས་པ་དང་འབྲེལ་ཆུ་ཚོད་8དང་སྐར་མ་10ཡི་ཐོག་འཇིགས་སྐུལ་ཕོག་ཁུལ་གྱི་མང་ཚོགས་ཚང་མ་བདེ་འཇགས་ཁུལ་དུ་གནས་སྤོ་བྱས་པ་རེད། ཆུ་ཚོད་11དང་སྐར་མ་30ལ་མུ་ལི་རྫོང་དཔལ་ལྡན་མེའོ་རིགས་ཤང་ཀ་སྨི་ཕིང་གྲོང་ཚོའི་མའེ་ཅ་ཕིང་ཚོགས་ཆུང་དུ་རི་ཉིལ་བ་རེད། སྔ་སྣུར་དུ་ཕྱིར་འཐེན་དང་གནས་སྤོ་བྱས་པ་དང་། གནོད་འཚེ་ཕོག་འཕྲལ་ཐག་གཅོད་བྱེད་ཐབས་འཚམ་པོ་བྱུང་བས། དུད་ཚང་10ཡི་མི་44གནོད་འཚེས་རྐྱེན་པས་འཆི་རྨས་བྱུང་མེད་པར་བདེ་བླག་ངང་ཉེན་གཡོལ་ཐུབ་པ་བྱུང་ཡོད།
     ཟླ་7པའི་ཟླ་དཀྱིལ་དང་ཟླ་སྨད་དུ། དཔལ་ལྡན་ཤང་གི་མངོན་མེད་རྐྱེན་ངན་ས་ཚིགས་ཁག་གིས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ས་ཚིགས་ཀྱི་ནང་སྦྱོང་དང་གསོ་སྦྱོང་སྒྲིག་འཛུགས་བྱས་པ་རེད། དེའི་ཁར་ཁུལ་དང་། རྫོང་། གྲོང་ཁྱེར། ཤང་གྲོང་། གྲོང་ཚོ། ཚོགས་ཆུང་། ས་ཚིགས་བཅས་རིམ་པ་དྲུག་གི་གནོད་འགོག་གེགས་སེལ་མ་ལག་ནུས་ཆེའི་ངང་འཁོར་སྐྱོད་བྱས་པ་དང་། ས་གནས་དེ་གས་དུས་ཐོག་ཏུ་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས་གཞི་རིམ་གྱི་ལས་སྣེ་ཁྲིད་མཁན་འགོ་ཁྲིད་དང་ལས་རེས་མི་སྣས་འཕྲལ་མར་ཉེན་བརྡའི་ཆ་འཕྲིན་གྲོང་ཚོ་ཁག་དང་ས་ཁུལ་གྱི་གནོད་འཚེའི་མངོན་མེད་རྐྱེན་ངན་ས་ཚིགས་ལ་བརྡ་ཐོ་གཏོང་རྒྱུར་ལྟ་སྐུལ་བྱས་པ་རེད། ས་གཤིས་གནོད་འཚེ་སྔོན་འགོག་གི་དྲིལ་བསྒྲགས་གསོ་སྦྱོང་དང་ཉེན་གཡོལ་ནང་སྦྱོང་རྒྱུན་ཆད་མེད་པར་སྒྲིག་འཛུགས་བྱས་པ་བརྒྱུད་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་གནོད་འཚེ་ཤེས་རྟོགས་དང་། གནོད་འཚེ་སྔོན་འགོག གནོད་འཚེ་ལས་གཡོལ་བ། གེགས་སེལ་བཅས་ཀྱི་འདུ་ཤེས་དང་ནུས་པ་ཆེ་རུ་ཕྱིན་ཡོད། གནམ་གཤིས་ཀྱི་དུས་མཚམས་གལ་ཆེན་དུ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་ནས་རང་འགུལ་ངང་གནོད་འཚེ་སྔོན་འགོག་དང་ཉེན་གཡོལ་བྱས་ཡོད་པ་རེད། གཞན་ཡང་ཤང་དང་གྲོང་རྡལ་གྱི་ཏང་ཨུད་དང་སྲིད་གཞུང་གིས་སྒྲིག་འཛུགས་ནུས་ལྡན་བྱས་ཏེ་གནོད་འཚེ་སྔོན་འགོག་གི་འཕྲལ་སྡོམ་སྔོན་ཇུས་འཕྲལ་ཐག་ཆོད་པོས་ལག་ལེན་བསྟར་བ་དང་འབྲེལ། སྐོར་ཞིབ་དང་། ལྟ་ཞིབ་ཚད་ལེན། ཉེན་བརྡ་གཏོང་བ་བཅས་ཀྱི་བྱེད་ཐབས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། གནོད་འཚེ་འབྱུང་ཚུལ་ལ་ཞིབ་འཇུག་དང་བརྡར་ཤ་བཅད་ནས། གནོད་འཚེ་མ་ཐོན་གོང་འཇིགས་སྐུལ་ཕོག་པའི་མང་ཚོགས་རང་འགུལ་ངང་སྔ་སྣུར་དུ་ཕྱིར་འཐེན་དང་གཡོལ་ཐུབ་པ་བྱས་ཡོད།
དཔལ་ལྡན་མེའོ་རིགས་ཤང་གི་ཀ་སྨི་ཕིང་གྲོང་ཚོའི་མའེ་ཅ་ཕིང་ཚོགས་ཆུང་དུ་རི་ཉིལ་བའི་གནས་ཚུལ་ཧྲིལ་པོ།
དཔལ་ལྡན་མེའོ་རིགས་ཤང་གི་ཀ་སྨི་ཕིང་གྲོང་ཚོའི་མའེ་ཅ་ཕིང་ཚོགས་ཆུང་དུ་རི་ཉིལ་བའི་གནས་ཚུལ་ཧྲིལ་པོ།