འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་4ཉིན།

༄༅།།རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་ལེའུ་ཡུང་ཐན་གྱིས་བྱ་དགའི་དངུལ་སྒོར་ཁྲི་800
ཚང་མ་ཧར་པིན་བཟོ་ལས་སློབ་ཆེན་ལ་ཞལ་འདེབས་ཕུལ།  

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་04ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་ལེའུ་ཡུང་ཐན་གྱིས་བྱ་དགའི་དངུལ་སྒོར་ཁྲི་800
ཚང་མ་ཧར་པིན་བཟོ་ལས་སློབ་ཆེན་ལ་ཞལ་འདེབས་ཕུལ།
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་8ཚེས་3ཉིན། “སྤྱི་བཏང་གི་དགེ་རྒན་དང་ཚན་རིག་ལག་རྩལ་གྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས། རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་པ་དེ་རང་གི་གཟི་བརྗིད་ཅིག་ཡིན་པ་མ་ཟད་དེ་ནི་ངའི་ཚོགས་པ་དང་རླབས་ཆེན་གྱི་དུས་རབས་འདིའི་རྒྱལ་གཅེས་ཀྱི་ལེགས་སྐྱེལ་འབུལ་མཁན་ཤེས་ཡོན་ཅན་ཚང་མར་གཏོགས།” ཟླ་8ཚེས་3ཉིན། 2018ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི། ཧར་པིན་བཟོ་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་ལེའུ་ཡུང་ཐན་གྱིས་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་སྒོར་ཁྲི་800ཚང་མ་ཞལ་འདེབས་ཕུལ་ནས། ཡོང་རུའེ་ཐེབས་རྩ་བཙུགས་ཏེ་ཧར་པིན་བཟོ་ལས་སློབ་ཆེན་གྱི་གློག་རྡུལ་དང་ཆ་འཕྲིན་རིག་པའི་ཤེས་ཡོན་ཅན་གསོ་སྐྱོང་ཐད་སྤྱད་ཡོད་པ་རེད།
     དུས་རབས་20པའི་ལོ་རབས་80པ་ནས་བཟུང་། ལེའུ་ཡུང་ཐན་ཡོན་ཧྲིས་རང་བདག་ངང་སྒྲིག་གཞི་གསར་པའི་ལེ་ཏཱ་ཞིབ་འཇུག་གསར་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཚོགས་པའི་སྣེ་ཁྲིད་ནས་ཕྱི་རྒྱལ་གྱི་ལག་རྩལ་སྒེར་སྡེམ་མེད་པ་བཟོས་ཏེ། མེས་རྒྱལ་གྱི་མཚོ་ཁོངས་སུ་ལེ་ཏཱ་ཡི་“མིག་ཤུགས་རྣོ་ངར་”ལྟ་བུ་ཞིག་གཏོད་ནས། རང་རྒྱལ་གྱི་མཚོ་ཁོངས་ལྟ་ཞིབ་ཚོད་འཛིན་རྒྱ་ཁྱོན་20%ལས་མེད་པ་ནས་ཁྱོན་ཡོངས་སུ་ཁྱབ་ཡོད།  2019ལོའི་ཟླ་1པོར། ལེའུ་ཡུང་ཐན་ལ་2018ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་པ་རེད།
༄༅།།རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་ལེའུ་ཡུང་ཐན་གྱིས་བྱ་དགའི་དངུལ་སྒོར་ཁྲི་800
ཚང་མ་ཧར་པིན་བཟོ་ལས་སློབ་ཆེན་ལ་ཞལ་འདེབས་ཕུལ།