འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་4ཉིན།

༄༅།།“ནང་སའི་ཉིང་སྐྱུར་བརྟག་དཔྱད་རོགས་སྐྱོར་རུ་ཁག”གི “སྔོན་སྐྱོད་རུ་ཁག”གི་རུ་མི་7ཤང་ཀང་
དུ་འབྱོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་04ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཤང་ཀང་ནས་ཟླ་8ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཤང་ཀང་དམིགས་བསལ་ཁུལ་སྲིད་གཞུང་གི་རེ་ཞུ་ལྟར། ཀྲུང་དབྱང་གི་གཅིག་འདོམས་བཀོད་སྒྲིག་དང་བཀོད་འདོམས་འོག་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི“ནང་སའི་ཉིང་སྐྱུར་བརྟག་དཔྱད་རོགས་སྐྱོར་རུ་ཁག”གི“སྔོན་སྐྱོད་རུ་ཁག”གི་རུ་མི་7ཚེས་2ཉིན་གྱི་ཕྱི་དྲོ་ཤང་ཀང་དུ་འབྱོར་ཡོད། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་འབྲེལ་གཏུག་གཞུང་ལས་ཁང་དང་ཤང་ཀང་དམིགས་བསལ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བ“སྔོན་སྐྱོད་རུ་ཁག”བསྡད་ཡུལ་དུ་བསྐྱོད་ནས་བསུ་བ་ཞུས་པ་མ་ཟད། རུ་མི་རྣམས་དང་མཉམ་དུ་ལས་དོན་འབྲེལ་མཐུད་ཀྱང་བྱས་པ་རེད།
    “སྔོན་སྐྱོད་རུ་ཁག”གི་རུ་དཔོན་ཀུའོ་ཕུང་ཧའོ་ཡིས“སྔོན་སྐྱོད་རུ་ཁག”གི་ལས་འགན་གཙོ་བོ་ནི་ཐོག་མར་ཤང་ཀང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་བྱས་ཏེ། ཤང་ཀང་གི་ས་ཆ་དང་། སྒྲིག་བཀོད། དེ་བཞིན་བརྟག་དཔྱད་བརྒྱུད་རིམ་སོགས་ལ་རྒྱུས་མངའ་བྱས་ནས། རྗེས་མཐུད་ཀྱི་གཞི་ཁྱོན་ཆེ་བའི་ཉིང་སྐྱུར་བརྟག་དཔྱད་ལ་རྨང་གཞི་འདིང་རྒྱུ་དེ་རེད། རྒྱལ་ཁབ་ཀྱི་སྲ་ཞིང་བརྟན་པའི་རྒྱབ་སྐྱོར་ཡོད་པས། ང་ཚོས་ཤང་ཀང་གི་གྲོང་མི་དང་མཉམ་དུ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། “ང་ཚོར་དེའི་ཐད་ཡིད་ཆེས་ཟབ་མོ་ཡོད”ཅེས་བརྗོད།