འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་4ཉིན།

༄༅།།རང་རྒྱལ་གྱི་སྐར་མ་མིག་དམར་ཐོག་འཚོལ་ཞིབ་ཐིག་ལེན་ བྱེད་པའི་ལས་འགན་དང་པོ་ལེགས་གྲུབ་ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་04ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་8ཚེས་2ཉིན་གྱི་ཆུ་ཚོད་7པ་ཙམ་དུ་རང་རྒྱལ་གྱི་སྐར་མ་མིག་དམར་ཐོག་འཚོལ་ཞིབ་ཐིག་ལེན་བྱེད་པའི་ལས་འགན་དང་པོ“ཐེན་ཝུན་རྟགས་ཅན་ཨང་དང་པོའི”འཚོལ་ཞིབ་ཐིག་ལེན་ཡོ་ཆས་3000Nསྒུལ་བྱེད་འཕྲུལ་འཁོར་གྱིས་སྐར་ཆ་20བསྐྱོད་ནས་འཁོར་ལམ་ལམ་བར་དུ་བཟོ་བཅོས་བྱེད་ཐེངས་དང་པོ་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་མུ་མཐུད་སྐར་མ་མིག་དམར་ཐོག་བསྐྱོད་པ་རེད།
    འཁོར་ལམ་བཟོ་བཅོས་ཐེངས་དང་པོ་མ་བྱས་གོང་ཐེན་ཝུན་རྟགས་ཅན་ཨང་དང་པོའི་འཚོལ་ཞིབ་ཐིག་ལེན་ཡོ་ཆས་བར་སྣང་དུ་ཆུ་ཚོད་230འཕུར་བ་དང་སའི་གོ་ལ་དང་བར་ཐག་སྤྱི་ལེ་ཁྲི་300ཟིན་ནས་མ་ལག་ཁག་གི་གནས་ཚུལ་སྤྱིར་ན་ལེགས་པོ་ཡོད་པ་རེད།