འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་4ཉིན།

༄༅།།“དབུལ་སྐྱོར་832ལས་སྟེགས”ཀྱིས་ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་བྲིན་ཚོང་བྱེད་ཚད་སྒོར་དུང་
ཕྱུར་12ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་04ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ▲ འདི་ལོ་ཚུན་དུ། “དབུལ་སྐྱོར་832ལས་སྟེགས”ཀྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱས་ཏེ་སྔ་རྗེས་སུ་རྫོང་དབུལ་པོ་80ལྷག་ཙམ་ལ་བསྐྱོད་པ་དང་། དྲ་ཐོག་དང་དྲ་ཕྱིའི་གསོ་སྦྱོང་ཐེངས་100ལྷག་ཙམ་བྱས་པ་མ་ཟད། ལས་སྟེགས་སུ“མཁོ་སྤྲོད་འགན་ལེན་དང་ཚོང་མ་ཐུབ་པར་ལུས་པ་གཏན་འགོག”དང“ཧུའུ་པེར་རོགས་སྐྱོར”སོགས་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་ཏེ་དུད་ཚང་དབུལ་པོ་ཁྲི་80ལྷག་ཙམ་ལ་རོགས་སྐྱོར་བྱས་ཡོད།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་གསར་འགོད་པར་རང་རྒྱལ་གྱི་རྫོང་དབུལ་པོ་832ལ་ཞབས་འདེགས་ཞུ་བའི་དྲ་རྒྱའི་བྲིན་ཚོང་ལས་སྟེགས་ཡིན་པའི“དབུལ་སྐྱོར་832ལས་སྟེགས”ནས་ཤེས་རྟོགས་བྱུང་བར། ལས་སྟེགས་དེ་འདི་ལོའི་ཟླ་དང་པོར་དྲ་ཐོག་ཏུ་བཏོན་ཚུན་དུ། ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་བྲིན་ཚོང་བྱེད་ཚད་བསྡོམས་འབོར་སྒོར་དུང་ཕྱུར་12ལྷག་ཙམ་ཟིན་པ་དང་། དེ་གར་ཞུགས་པ་དང་ཐོ་འགོད་བྱས་པའི་རྫོང་དབུལ་པོའི་མཁོ་སྤྲོད་ཚོང་པ་5000ལྷག་ཙམ་ཟིན་པ། དྲ་ཐོག་ཏུ་བཏོན་པའི་འབྲེལ་ཡོད་ཞིང་ཞོར་ཐོན་རྫས་སྣ་ཁ་ཁྲི་5ལྷག་ཙམ་ཟིན་གྱི་ཡོད་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་དུ། “དབུལ་སྐྱོར་832ལས་སྟེཌ”ཀྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱས་ཏེ་སྔ་རྗེས་སུ་རྫོང་དབུལ་པོ་80ལྷག་ཙམ་ལ་བསྐྱོད་པ་དང་། དྲ་ཐོག་དང་དྲ་ཕྱིའི་གསོ་སྦྱོང་ཐེངས་100ལྷག་ཙམ་བྱས་པ་མ་ཟད། ལས་སྟེགས་སུ“མཁོ་སྤྲོད་འགན་ལེན་དང་ཚོང་མ་ཐུབ་པར་ལུས་པ་གཏན་འགོག” “ཧུའུ་པེར་རོཌ་སྐྱོར”སོགས་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་ཏེ་དུད་ཚང་དབུལ་པོ་ཁྲི་80ལྷག་ཙམ་ལ་རོཌ་སྐྱོར་བྱས་ཡོད་པ་རེད།
   “དབུལ་སྐྱོར་832ལས་སྟེགས”ནི་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་བླང་བྱ་གཞིར་བཟུང“མཁོ་ཚོང་eཁྱིམ”ལ་བརྟེན་ནས་བསྐྲུན་པའི་ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་ཀྱི་དྲ་རྒྱའི་བྲིན་ཚོང་ལས་སྟེགས་ཤིག་ཡིན་པ་དང་། 2020ལོའི་ཟླ་དང་པོར་དངོས་སུ་དྲ་ཐོག་ཏུ་བཏོན་ཞིང་། དེ་ནི“ཉོ་ཚོང་དང་། ཞབས་ཞུ། ལྟ་འདོམས”བཅས་གཞི་གཅིག་ཏུ་འདུས་པའི་གློག་རྡུལ་ཅན་གྱི་ཉོ་ཚོང་ལས་སྟེཌ་ཤིག་རེད།
   “དབུལ་སྐྱོར་832ལས་སྟེགས”ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། གོམ་སྟབས་རྗེས་མར“དབུལ་སྐྱོར་832ལས་སྟེགས”ཀྱིས་ནོར་སྲིད་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་། མཁོ་ཚོང་སྤྱི་ཁྱབ་ཁང་བཅས་སྡེ་ཚན་གསུམ་གྱི་རྒྱབ་སྐྱོར་འོག་བལྟོས་བཅས་ཀྱི་དབུལ་ཕོངས་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ནས་འཛུགས་རྒྱུ་ཡིན་པ་རེད།