འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་4ཉིན།

༄༅༎མཚོ་སྔོན་གྱིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་ལེན་མ་དངུལ་སྒོར་ཁྲི་2140ཁྲིམས་ལྟར་བསྡུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་04ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་དོན་འཁྱོལ་ནུས་ལྡན་བྱ་ཆེད། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་མཐུན་སྦྱོར་མཉམ་འགུལ་བྱས་ཏེ། 2020ལོའི་ལོ་སྟོད་དུ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་ལེན་མ་དངུལ་སྒོར་ཁྲི་2140ཁྲིམས་ལྟར་བསྡུས་ནས་དབང་པོ་སྐྱོན་ཅན་མི་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་བཏང་བ་རེད།
     དབང་པོ་སྐྱོན་ཅན་གྱི་ལས་ཞུཌ་འགན་ལེན་མ་དངུལ་ནི་དབང་པོ་སྐྱོན་ཅན་མི་ཚོཌ་ལས་ཞུཌ་ལ་རྒྱབ་སྐྱོར་དང་འཚོ་བར་འགན་ལེན་གྱི་མ་དངུལ་ཡོང་ཁུངས་གལ་ཆེན་དང་མ་དངུལ་འགན་ལེན་གྱི་ཐབས་ལམ་གལ་ཆེན་ཞིག་རེད། དེ་གཏན་འབེབས་ལྟར་དབང་པོ་སྐྱོན་ཅན་ལས་ཞུཌ་བཀོད་སྒྲིག་མ་བྱས་པའི་ལས་ཁུངས་དང་། ཚོཌ་པ། ཁེ་ལས། བྱ་གཞག་ཚན་པ། དམངས་གཉེར་ཁེ་ལས་མིན་པའི་ཚན་པ་བཅས་ནས་བསྡུ་བ་དང་དབང་པོ་སྐྱོན་ཅན་གྱི་ལས་ཞུཌ་དང་། ལས་རིཌ་གསོ་སྦྱོང་། ལས་ཞུཌ་ཞབས་ཞུ་སོཌ་ཀྱི་ཐད་སྔོན་ལ་བཏང་སྟེ་དབང་པོ་སྐྱོན་ཅན་གྱི་ལས་ཞུཌ་སྤུས་ཚད་མཐོ་རུ་གཏོང་གི་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་སློབ་གསོ་ལས་ཞུགས་པུའི་པུའུ་ཀྲང་ཏི་སེན་གྱིས་ཉེ་བའི་ལོའི་རིང་། མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་ལེན་མ་དངུལ་བསྡུ་ཚུལ་བརྟན་པོའི་ངང་འཕར་ཞིང་། 2020ལོའི་ལོ་སྟོད་དུ་སྒོར་ཁྲི་2140བསྡུས་པ་ལས། ལས་ཞུགས་ལ་སྐུལ་འདེད་བཏང་ནས་དབང་པོ་སྐྱོན་ཅན་མི་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པའི་རྣམ་པ་བཟང་པོ་ཞིག་ཐོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     མ་དངུལ་བསྡུ་བའི་བརྒྱུད་རིམ་ནང་། མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་གཏོགས་དང་ཁྲལ་དོན་སྡེ་ཚན་གྱིས་མཉམ་འབྲེལ་གྲོས་ཚོགས་འཚོགས་ཏེ། འགྲོ་གྲོན་དང་འབྲེལ་བའི་ཉེན་ཁ་འབྱུང་རྩ་ནས་མེད་པར་བཟོས་ཡོད། གཙོ་གནད་གྲོན་འཇལ་ཚན་པར“གཅིག་གཏད་གཅིག”གི་སྲིད་ཇུས་སྒོ་རྩར་ཟུར་ཁྲིད་བྱེད་པ་དང། སྲིད་ཇུས་གསེད་བཀྲོལ་གྱིས་དེབ་ཆུང་བཟོ་བ། དྲ་ཐོག་ཁྲལ་དོན་ཅུས་ཀྱི་རེ་ཞུའི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་དང་མ་དངུལ་བསྡུ་འཇལ་གྱི་ཕན་འབྲས་ཆེ་རུ་བཏང་ཡོད།