འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་4ཉིན།

༄༅༎སི་ཁྲོན་དཀར་མཛེས་ཀྱི་རི་ཁུལ་ཡུལ་སྐོར་དེ་འཁྲུག་ཆ་དོད་ས་གསར་པར་འགྱུར་བཞིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་04ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། “འཛམ་གླིང་གི་ས་མཐོའི་གྲོང”ཞེས་ཤོད་སྲོལ་ཡོད་པའི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་ལ་ཉིན་ཤས་བསྟུད་མའི་རིང་འཁྲུག་ཆ་དོད་ཅིང་། “2020ལོའི་སི་ཁྲོན་དཀར་མཛེས་ཀྱི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན”གཉེར་འགོ་ཚུགས། རྟ་རྒྱུག་དང་། རླངས་འཁོར་བྱེས་བགྲོད། སྙན་ངག་དབུ་ཚོགས་སོགས་གངས་རིའི་འདབས་སུ་ཚང་མས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་རེ་སྒུག་ཡུན་རིང་བྱས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།
     འབུམ་ཡག་རྩྭ་ཐང་དུ་སྦྲ་གུར་མང་པོ་སྐར་ཚོགས་བཞིན་ཕུབ་ཡོད་པ་དང་། རྟ་པ་རྣམས་ཀྱིས་རང་གི་རྟ་མཆོག་ལ་སྒ་སྲབ་སྤྲས་ཤིང། ཕྲུ་གུ་ཚོས་སྒོར་གཞས་དང་དེང་རབས་ཞབས་བྲོ་སྣ་ཚོགས་འཁྲབ་ནས་རྒྱང་རིང་གི་མགྲོན་པོ་རྣམས་ལ་ས་མཐོའི་མི་དམངས་ཀྱི་ལྷག་བསམ་མཚོན་པར་བྱས་ཡོད། “རེ་སྒུག་ཆེ་ཤོས་ནི་རྟ་རྒྱུག་དང་རླངས་འཁོར་བྱེས་བགྲོད་ཡིན་ལ་གྲོང་ཁྱེར་དུ་དེ་དག་ཧ་ཅང་མཐོང་དཀོན་པོ་རེད”ཅེས་ཁྲེང་ཏུའུ་ཡི་ཡུལ་སྐོར་བ་ཨེ་ཡོན་གྱིས་དེ་ལྟར་བརྗོད།
     རང་བྱུང་མཛེས་ལྗོངས་དང་མི་ཆོས་མཛེས་ལྗོངས་སྣ་ཚོགས་ལ་བརྟེན་ནས་རི་ཁུལ་ལ་ཡུལ་སྐོར་ལས་རིགས་ཐད་འཕེལ་རྒྱས་ཀྱི་མངོན་མེད་ནུས་པ་ཆེན་པོ་ལྡན་ཡོད། དཀར་མཛེས་ཀྲོའུ་ཡི་རི་ཁུལ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཡུལ་སྐོར་ནི་ཀྲོའུ་དེ་གའི་ཀ་རྟེན་ཐོན་ལས་ཀྱང་ཡིན། 2019ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་3300ལ་སྣེ་ལེན་ཞུས་ཏེ་ཡུལ་དེ་གའི་མང་ཚོགས་མི་ཉུང་བར་ཡུལ་སྐོར་ཡོང་འབབ་རག་ཡོད། དཀར་མཛེས་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས། ཉེ་བའི་ལོ་ཤས་རིང་རི་ཁུལ་ཡུལ་སྐོར་གྱི་བྱེད་སྒོར་ཡུལ་སྐོར་བ་སྔར་བས་མང་བས་དགའ་པོ་བྱེད་ཀྱི་ཡོད། དཀར་མཛེས་ཀྲོའུ་ཨུད་དང་ཀྲོའུ་སྲིད་གཞུང་གིས“དཀར་མཛེས་ཀྱི་རི་ཁུལ་ཡུལ་སྐོར་དང་ཤར་ཕྱོགས་ཀྱི་དག་པའི་ཞིང་ཁམས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཛམ་གླིང་གི་སྤུས་ཚད་མཐོ་བའི་རི་ཁུལ་ཡུལ་སྐོར་གྱི་དམིགས་ས་ཧུར་ཐག་ངང་གཏོད་བཞིན་ཡོད་ཅེས་བརྗོད་པ་རེད།