འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་3ཉིན།

༄༅༎ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་ལས་ཚབ་ཀྱི་འགན་བཞེས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་03ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་ལས་ཚབ་ཀྱི་འགན་བཞེས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་1ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་ཞིན་ཁྲང་ཞིང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པར་བསྐོ་བཞག་བྱས་ནས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གི་གོ་གནས་ལས་ཚབ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
     གཞན་ཡང《མཚོ་སྔོན་ཉིན་རེའི་ཚགས་པར》གྱིས་ཚེས་1ཉིན་གྱི་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་93འཁོར་བའི་མཚམས་སུ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་སོགས་ཞིང་ཆེན་གྱི་འགོ་ཁྲིད་པས་མཚོ་སྔོན་དུ་བཅའ་སྡོད་དཔུང་སྡེར་འཚམས་འདྲི་གནང་བ་རེད། གོང་གསལ་གྱི་གནས་ཚུལ་ལས་མངོན་པར། ཞིན་ཁྲང་ཞིང་གིས་དེ་སྔོན་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅིའི་འགན་འཁུར་ཡོད། 
     བློ་མཐུན་ཞིན་ཁྲང་ཞིང་གི་ལོ་རྒྱུས་མདོར་བསྡུས།
     ཞིན་ཁྲང་ཞིང་། སྐྱེས་པ། རྒྱ་རིགས། 1963ལོའི་ཟླ་12པར་སྐྱེས། ཧྲན་ཏུང་ཧུའེ་རྨིན་ནས་ཡིན། 1986ལོའི་ཟླ་7པར་ལས་ཀར་ཞུགས། 1986ལོའི་ཟླ་6པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ཡོད་ལ། དཔལ་འབྱོར་རིག་པའི་རབ་འབྱམས་པའི་སློབ་གནས་ལྡན། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་ཡིན།
     1979ལོའི་ཟླ་9པ་ནས་1983ལོའི་ཟླ་7པའི་བར་ཆུས་ཧྥུ་དགེ་འོས་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་ཁག་གི་ཆབ་སྲིད་སློབ་གསོའི་ཆེད་ལས་སུ་སློབ་སྦྱོང་བྱས། 1983ལོའི་ཟླ་9པ་ནས་1986ལོའི་ཟླ་7པའི་བར་ཧྭ་ཀྲུང་དགེ་འོས་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་ཁག་གི་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མར་སློབ་སྦྱོང་བྱས། སློབ་མཐར་ཕྱིན་རྗེས་ངལ་རྩོལ་མི་དོན་པུའུ་ཡི་ངལ་རྩོལ་ཚན་རིག་ཞིབ་འཇུག་ཁང་དུ་ལས་བགོས་བྱས། 1988ལོའི་ཟླ་6པར་ངལ་རྩོལ་པུའུ་ཡི་ངལ་རྩོལ་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་རམ་འདེགས་པའི་འགན་བཞེས། 1989ལོའི་ཟླ་1པོར་ངལ་རྩོལ་པུའུ་ཡི་ངལ་རྩོལ་ཚན་རིག་ཞིབ་འཇུག་ཁང་གླ་ཕོགས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས། 1991ལོའི་ཟླ་1པོར་ངལ་རྩོལ་པུའུ་ངལ་རྩོལ་ཚན་རིག་ཞིབ་འཇུག་ཁང་ཕྱོགས་བསྡུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས། (དེའི་རིང་1992ལོའི་ཟླ་2པ་ནས་1993ལོའི་ཟླ་2པའི་བར་ཐའེ་ཡོན་ངར་ལྕགས་ཀུང་སིའི་ངལ་རྩོལ་གླ་ཕོགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་འཁྱེར་བྱས། ) 1993ལོའི་ཟླ་2པར་ངལ་རྩོལ་པུའུ་ཡི་སྲིད་ཇུས་ཁྲིམས་སྲོལ་སིའི་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས། 1994ལོའི་ཟླ་1པོར་ངལ་རྩོལ་པུའུ་ཡི་སྲིད་ཇུས་ཁྲིམས་སྲོལ་སིའི་སྒྲིག་སྲོལ་བསྒྱུར་བཅོས་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས། 1997ལོའི་ཟླ་2པར་ངལ་རྩོལ་པུའུ་ཡི་སྲིད་ཇུས་ཁྲིམས་སྲོལ་སིའི་སི་ཀྲང་གཞོན་པའི་འགན་བཞེས། 1998ལོའི་ཟླ་7པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས། 1999ལོའི་ཟླ་3པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གསོ་སྦྱོང་ལས་ཞུགས་སིའི་སི་ཀྲང་གཞོན་པའི་འགན་བཞེས། 2001ལོའི་ཟླ་7པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གསོ་སྦྱོང་ལས་ཞུགས་སིའི་སི་ཀྲང་གི་འགན་བཞེས། 2002ལོའི་ཟླ་3པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གཞུང་ལས་ཐིང་གི་ཀྲུའུ་རེན་གྱི་འགན་བཞེས་པ་དང་། 2005ལོའི་ཟླ་6པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་འཆར་འགོད་ནོར་དོན་སིའི་སི་ཀྲང་གི་འགན་བཞེས། (2004ལོའི་ཟླ་2པ་ནས་2006ལོའི་ཟླ་1པོའི་བར་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པའི་འགན་འཁྱེར་བྱས། ) 2006ལོའི་ཟླ་3པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གཞུང་ལས་ཐིང་གི་ཀྲུའུ་རེན་གྱི་འགན་བཞེས། (དེའི་རིང་2007ལོའི་ཟླ་3པ་ནས་2008ལོའི་ཟླ་1པོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་ལ་ཞུགས། ) 2008ལོའི་ཟླ་7པར་རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས། 2010ལོའི་ཟླ་9པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས། 2014ལོའི་ཟླ་8པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས། 2016ལོའི་ཟླ་9པར་ཨན་ཧུའེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས་པ་རེད།
     2020ལོའི་ཟླ་7པར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།
     2020ལོའི་ཟླ་8པར་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ། ཧྲེང་ཀྲང་ལས་ཚབ་བཅས་ཀྱི་འགན་བཞེས་པ་རེད།