འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་3ཉིན།

༄༅༎ཁུ་ཁུ་ཤིས་རིར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་རྔོན་མདའི་སྒྲ་འཇགས་ནས་ལོ་བཅུ་ལྷག་ཙམ་སོང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་03ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་7ཚེས་7ཉིན་ཁུ་ཁུ་ཤིས་རིའི་ཅོ་ནེ་མཚེའུ་ཡི་ངོགས་ནས་པར་བླངས་པའི་གཙོད་ཡིན་པ།
འདི་ནི་ཟླ་7ཚེས་7ཉིན་ཁུ་ཁུ་ཤིས་རིའི་ཅོ་ནེ་མཚེའུ་ཡི་ངོགས་ནས་པར་བླངས་པའི་གཙོད་ཡིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ལྐོག་རྔོན་ལ་ངོ་རྒོལ་གྱི་ཁྲིམས་བསྟར་བྱ་སྤྱོད་རྒྱུན་མཐུད་སྤེལ་བ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པས། འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་དང“མི་ཡུལ་གྱི་དག་ཞིང”ཁུ་ཁུ་ཤིས་རིར་ལོ་བཅུ་གཅིག་རིང་རྔོན་མདའི་སྒྲ་ཐོས་རྒྱུ་མེད་པ་རེད། དེ་གར་གཙོད་སོགས་རི་སྐྱེས་སྲོག་ཆགས་བག་ཕེབས་ངང་ཅི་དགར་རོལ་བ་དེ་ནི་མཚོ་བོད་ས་མཐོའི་ཐོག་གི་ཀུན་ཡིད་འཕྲོག་པའི་ཡུལ་ལྗོངས་ཤིག་ཏུ་གྱུར།
     མཚོ་བོད་ས་མཐོའི་དབུས་སུ་གནས་པའི་ཁུ་ཁུ་ཤིས་རི་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གཙོད་ཀྱི་འཚོ་གནས་བྱ་ཡུལ་གལ་ཆེན་ཞིག་རེད། དུས་རབས་20པའི་ལོ་རབས་80པར་ཁྲིམས་འགལ་བ་འགའ་ཞིག་གིས་ཁེ་ཕན་འབའ་ཞིག་དོན་གཉེར་ཆེད་དུ་ཁུ་ཁུ་ཤིས་རིར་རྔོན་བརྒྱབ་པས་དེ་སྔོན་གྱི་གཙོད་ཁྲི་20ནས་ཡུད་ཙམ་ཞིག་ལ་ཁྲི་2ཡང་ཟིན་གྱི་མེད། ཕྱོགས་ཁག་གིས་ལོ་མང་རྒྱུན་མཐུད་སྲུང་སྐྱོང་བྱས་པ་བརྒྱུད་ཁུ་ཁུ་ཤིས་རིའི་གཙོད་མིག་སྔའི་ཁྲི་7ལྷག་ཙམ་བར་སླར་གསོ་བྱུང་ཡོད།
     “2009ལོ་ནས་ད་བར་ཁུ་ཁུ་ཤིས་རིའི་སྤྱི་ལེ་ངོས་གྲུ་ཁྲི་4.5ཡི་ཁྱབ་ཁོངས་སུ་རྔོན་རྒྱག་གི་གནས་ཚུལ་གཅིག་ཀྱང་ཐོན་མེད”གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་འབྲི་ཆུའི་ཆུ་འགོ་ཁུལ་ཁུ་ཁུ་ཤིས་རི་དོ་དམ་ཁྲུའུ་ཡི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་རེན་བུ་འབྲུག་གིས་རི་སྐོར་རུ་ཁག་གིས་ལོ་ལྟར་ཉུང་མཐར་ཡང་གཞི་ཁྱོན་ཆེ་བའི་སྐོར་སྲུང་ཐེངས་12བྱེད་ཀྱི་ཡོད་ཅེས་བཤད།
     1996ལོར་མཚོ་སྔོན་ཞིང་ཆེན་གྱིས་ཁུ་ཁུ་ཤིས་རི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་། 1997ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡོངས་བསྒྲགས་བྱས་པ། 2017ལོར་ཁུ་ཁུ་ཤིས་རི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་དུ་གྱུར་པ་རེད།
     ད་ཆ་གོ་ལ་ཧྲིལ་པོར་སྐྲད་གྲགས་ཆོད་པའི་ཁུ་ཁུ་ཤིས་རིར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སྔར་ལས་མང་བ་རང་བྱུང་གི་མཛེས་སྡུག་མྱོང་རོལ་བྱེད་པར་ཡོང་གི་ཡོད།
     མཚོ་བོད་གཞུང་ལམ་ལམ་རྒྱུད་ཀྱི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱིས་རྒྱུན་གཏན་གྱི་རི་སྐོར་ལས་འགན་ཁུར་བ་ཕུད། ས་ཚིགས་ནི་ད་དུང་ཡུལ་སྐོར་བ་དང་དང་བླངས་པས་ཁུ་ཁུ་ཤིས་རིར་རྒྱུས་ལོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་རེད།
     “ད་ཆ་ཁུ་ཁུ་ཤིས་རིར‘ལག་གཉིས་ལ་བརྟེན་ནས་སྣོད་བཅུད་སྲུང་སྐྱོང’བྱ་རྒྱུ་དེ་ལོ་རྒྱུས་ཆགས་ཟིན་པ་དང་། ཕྱིན་ཆད་ཁུ་ཁུ་ཤིས་རིས་སྣོད་བཅུད་སློབ་གསོ་དང་ཚན་རིག་ཞིབ་འཇུག་སོགས་ཁྱབ་ཁོངས་སུ་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུ་རེད”ཅེས་བུ་འབྲུག་གིས་བཤད།