འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་2ཉིན།

༄༅༎“མཁའ་ལམ”བསྐྲུན་ནས“སྤྲིན་སྐས”བཙུགས་པ།

—— ལྕགས་ལམ་གྱི་དམག་མི་རྒན་གྲས་སླར་ཡང་ས་མཐོར་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་02ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཤིན་ཅང་རུའོ་ཆང་རྫོང་ཐེ་ཐེ་མཱ་མཚེའུ་བརྒལ་བའི་གོར་ཁུར་ལྕགས་ལམ་ཡིན་པ།
འདི་ནི་ཤིན་ཅང་རུའོ་ཆང་རྫོང་ཐེ་ཐེ་མཱ་མཚེའུ་བརྒལ་བའི་གོར་ཁུར་ལྕགས་ལམ་ཡིན་པ།
     ལྕགས་ལམ་འཛུགས་སྐྲུན་པའི་མི་ཚོགས་འདི་འདྲ་ཞིག་ཡོད་དེ། དུས་རབས་21པའི་དུས་འགོར་ཁོང་ཚོས་མཚོ་བོད་ས་མཐོར་མཁའ་ལམ་བསྐྲུན་པ་དང་། ལོ་བཅུ་ལྷག་ཙམ་གྱི་རྗེས་སུ་ཁོང་ཚོས་སླར་ཡང་བཟོ་པ་སྟོང་ཕྲག་མང་པོ་དང་མཉམ་དུ་ཤིན་ཅང་དང་མཚོ་སྔོན་བར་དུ། “སྤྲིན་སྐས”སུ་འབོད་པའི་གོར་ཁུར་ལྕགས་ལམ་བསྐྲུན་པ་རེད།
     གོར་ཁུར་ལྕགས་ལམ་ནི་མཚོ་སྔོན་གྱི་གོར་མོ་གྲོང་ཁྱེར་ནས་ཤིན་ཅང་གི་ཁུར་ལེ་གྲོང་ཁྱེར་བར་ཡིན་ཞིང་རིང་ཚད་ལ་ཁྱོན་སྤྱི་ལེ་1213.7ཡོད་པ་དང་། དེ་ནི་ཤིན་ཅང་ནས་འགྲོ་འོང་བྱེད་པའི་ཤིན་ཅང་གི་ལྕགས་ལམ་གསུམ་པ་ཡིན་ཞིང་། གོར་མོ་ནས་ཁུར་ལེར་སྐྱོད་པར་སྔོན་ཆུ་ཚོད་26འགོར་བ་ནས་ད་ཆུ་ཚོད་12བར་ཉུང་དུ་སོང་ཡོད།
     ཐ་ལི་མུའུ་གཤོང་སའི་དབུས་ནས་འཛམ་གླིང་གི་ཡང་རྩེ་མཚོ་བོད་ས་མཐོའི་བར་གོར་ཁུར་ལྕགས་ལམ་གྱི་ས་བབ་ཧེ་བག་སྨི་2500ཡོད་པས་མི་རྣམས་ཀྱིས་དེར“སྤྲིན་སྐས”ཞེས་འབོད་ཀྱི་ཡོད།
     སླར་ཡང་ས་མཐོར་སྐྱོད་སྐབས། དམག་མི་རྒན་གྲས་ཚོའི་མིག་ལམ་དུ་དགའ་འོས་པའི་འགྱུར་ལྡོག་མི་ཉུང་བ་ཞིག་འཆར་ཞིང་། “ཨར་སྐྲུན་བདེ་འཇགས་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཚང་མར་འཕེལ་རྒྱས་ཆེན་པོ་བྱུང་འདུག”ཅེས་ལོ་48ལ་སླེབས་པའི་སྒྲོམ་གཞི་འདིང་མཁན་རུ་ཁག་གི་བཀོད་གཏོང་པ་ཝུའེ་ཅུན་ཆང་གིས་བཤད། ཁོང་ཧ་ལམ་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ལས་རིམ་ཧྲིལ་པོར་ཞུགས་པ་དང་ལོ་3གྱི་གོང་གོར་ཁུར་ལྕགས་ལམ་ཤིན་ཅང་ལམ་དུམ་གྱི་སྒྲོམ་གཞི་འདིང་མཁན་རུ་ཁག་ནང་ཞུགས་པ་རེད།
     “ལྕགས་ལམ་མང་པོ་བསྐྲུན་པའི་ནང་ནས་ལྕགས་ལམ་དེ་གཉིས(གོར་ཁུར་ལྕགས་ལམ་དང་མཚོ་བོད་ལྕགས་ལམ)དམིགས་བསལ་ཆེ་ཤོས་རེད” ཀྲའོ་ཀུའེ་ཅན་གྱིས། མཚོ་བོད་ས་མཐོར་སྐད་བརྡ་དེ་ཙམ་མ་འཕྲོད་པའི་འབྲོག་པ་ཚོས་སེམས་རྩ་འཁོལ་པོས་ང་ཚོ་ཁང་པའི་ནང་ཇ་འཐུང་བར་བསུས་བྱུང་ལ། བྱེ་ཐང་གི་སྔོ་ལྗང་ཁུལ་དུའང་ཆ་རྒྱུས་མེད་པའི་འབྲོག་པ་ཚོས་རང་འགུལ་ངང་བཟོ་པ་ཚོར་ཤིང་ཏོག་དང་ཆི་བི་ཁ་བསྐྱལ་བྱུང་། ལྕགས་ལམ་ནི་མི་སེར་ཚོས་རེ་སྒུག་བྱེད་ས་ཞིག་ཡིན་ལ། ཁོང་ཚོའི་ངོས་ནས་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད་ཅེས་བཤད།
     ལོ་མང་རང་ཡུལ་དང་བྲལ་ཞིང་ཡུལ་མི་སྤུན་མཆེད་བཞག་ནས་འགྲོ་དགོས་སྟབས་བཟོ་པ་མི་ཉུང་བ་ཞིག་གིས་ན་སོ་རྒས་དུས་ལས་ཀ་བརྗེ་ཡི་ཡོད་མོད། འོན་ཀྱང་ལྕགས་ལམ་གྱི་དམག་མི་རྒན་གྲས་འདི་དག་གིས་སྔ་བར་ཕྱི་གསུམ་དུ་ལྕགས་ལམ་འཛུགས་སྐྲུན་གྱི་འཐབ་ས་དང་པོར་བརྟན་སྲུང་བྱེད་བཞིན་ཡོད། ཝུའེ་ཅུན་ཆང་གིས“ལོ་འདི་དག་ནང་ང་ཚོ་འགྲིམ་འགྲུལ་འཕེལ་རྒྱས་ཆེན་པོ་འགྲོ་བའི་དུས་སྐབས་ཡག་པོ་ཞིག་འཁེལ་བ་དང་། དོན་སྙིང་ལྡན་པའི་བྱ་བ་མང་པོའང་བསྒྲུབས་ཡོད་པས་བྱེད་རིན་ཆོག་ཡོད”ཅེས་བཤད།
     2001ལོར་མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་སའི་བར་གྱི་ལམ་དུམ་སྐྲུན་འགོ་བཙུགས་པ་དང་། ལོ་དེའི་ལོ་མཇུག་ཏུ་རང་རྒྱལ་གྱི་ལྕགས་ལམ་གཉེར་སྐྱོང་གི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་7ཟིན་གྱི་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་པུས་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་དཔག་ལྟར་ན་2020ལོའི་ལོ་མཇུག་ཏུ་སླེབས་སྐབས་རང་རྒྱལ་གྱི་ལྕགས་ལམ་གཉེར་སྐྱོང་གི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་14.6ཟིན་རྒྱུ་ཡིན་པ་རེད།
འདི་ནི་གོར་ཁུར་ལྕགས་ལམ་ཤིན་ཅང་ལམ་དུམ་གྱི་མ་སྒྲོམ་འདིང་ཡུལ་དུ་ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་ཨར་སྐྲུན་མི་སྣས་རྨང་རྡོ་བརྗེ་པོ་རྒྱག་བཞིན་པ།
འདི་ནི་གོར་ཁུར་ལྕགས་ལམ་ཤིན་ཅང་ལམ་དུམ་གྱི་མ་སྒྲོམ་འདིང་ཡུལ་དུ་ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་ཨར་སྐྲུན་མི་སྣས་རྨང་རྡོ་བརྗེ་པོ་རྒྱག་བཞིན་པ།
འདི་ནི་སུར་ཁུ་ལི་ཞག་སར་ཀྲུང་གོ་ལྕགས་ལམ་ཅུས་དང་པོ་ཚོགས་པ་གོར་ཁུར་ལྕགས་ལམ་སྒྲོམ་འདིང་རྣམ་གྲངས་པུའུ་སྒྲོམ་འདིང་རུ་ཁག་དང་པོའི་རུ་དཔོན་གཞོན་པ་ཝང་ཏ་ཧྭ་ཡིས་ལག་ཆ་འཁྱེར་ནས་ལས་ཀར་ཐོན་བཞིན་པ།
འདི་ནི་སུར་ཁུ་ལི་ཞག་སར་ཀྲུང་གོ་ལྕགས་ལམ་ཅུས་དང་པོ་ཚོགས་པ་གོར་ཁུར་ལྕགས་ལམ་སྒྲོམ་འདིང་རྣམ་གྲངས་པུའུ་སྒྲོམ་འདིང་རུ་ཁག་དང་པོའི་རུ་དཔོན་གཞོན་པ་ཝང་ཏ་ཧྭ་ཡིས་ལག་ཆ་འཁྱེར་ནས་ལས་ཀར་ཐོན་བཞིན་པ།