འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་1ཉིན།

༄༅༎ARJ21རྟགས་ཅན་གྱི་གནམ་གྲུས་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་དམངས་སྤྱོད་
གནམ་ཐང་དུ་ཆེད་དོན་ཚོད་འཕུར་ལེགས་སྒྲུབ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་01ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ARJ21རྟགས་ཅན་གྱི་གནམ་གྲུ་ཚོད་འཕུར་བྱེད་པའི་རྣམ་པ་ཡིན་པ།
འདི་ནི་ARJ21རྟགས་ཅན་གྱི་གནམ་གྲུ་ཚོད་འཕུར་བྱེད་པའི་རྣམ་པ་ཡིན་པ།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་30ཉིན། ARJ21རྟགས་ཅན་གྱི་103གནམ་གྲུས་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་དམངས་སྤྱོད་གནམ་ཐང་——འདབ་པའི་ཉི་སྟེང་གནམ་ཐང(ས་བབ་མཐོ་ཚད་སྨི་4411ཟིན་པ)དུ་འབབ་འཕུར་མཐོ་ཚད་མཐོ་ཤོས་རྒྱ་སྐྱེད་ཚོད་འཕུར་ལེགས་སྒྲུབ་བྱས་རྗེས་ཕྱིར་ཧྲང་ཧའེ་རུ་ལོག་པ་དང་། ས་མཐོའི་གནམ་ཐང་དུ་མཁའ་རླུང་ཉུང་ལ་ས་དབྱིབས་རྙོག་འཛིང་ཆེ་ཞིང་གནམ་གཤིས་འགྱུར་སླ་བས། གནམ་གྲུའི་གཤིས་ནུས་དང་འཁོར་སྐྱོད་འགན་ལེན་བྱེད་པའི་ཐད་བླང་བྱ་སྔར་བས་ནན་པོ་བཏོན་ཡོད། ཐེངས་འདིར་ཚོད་འཕུར་བྱས་པ་ལས་འབབ་འཕུར་མཐོ་ཚད་མཐོ་ཤོས་སྔར་བས་རྒྱ་སྐྱེད་བཏང་ནས། ARJ21རྟགས་ཅན་གྱི་གནམ་གྲུའི་བློས་འཁེལ་རང་བཞིན་དང་ས་མཐོའི་གཤིས་ནུས་ར་སྤྲོད་བྱས་པ་དེའི་ཐོག་ནས་ARJ21རྟགས་ཅན་གྱི་གནམ་གྲུའི་འཁོར་སྐྱོད་ཁྱབ་ཁོངས་ནང་དུ་ས་མཐོའི་གནམ་ཐང་མཐོ་གྲས་ཚང་མ(ས་བབ་མཐོ་ཚད་སྨི་2438དང་དེའི་ཡན)ཚུད་དེ། མ་འོངས་པར་ས་མཐོའི་འཕུར་ལམ་གསར་པ་གཏོད་རྒྱུར་རྨང་གཞི་བརྟན་པོ་བཏིངས་པ་མཚོན་ཡོད་པ་རེད།