འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་1ཉིན།

༄༅༎ཐང་དཀར་རྒོད་པོ་ས་མཐོའི་དབྱིངས་སུ་འཕུར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་01ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཐང་དཀར་རྒོད་པོ་ས་མཐོའི་དབྱིངས་སུ་འཕུར།
     ཐང་དཀར་རྒོད་པོ་ས་མཐོའི་དབྱིངས་སུ་འཕུར། ཟླ་7ཚེས་28ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དབུ་བརྙེས་ནས་ལོ་93འཁོར་བའི་མཚམས་སུ། བོད་དུ་བཅའ་སྡོད་ནུབ་རྒྱུད་འཐབ་ཁུལ་མཁའ་དམག་དཔུང་སྡེས་དམག་སྒར་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་སློབ་བཅས་ཀྱི་ཚན་པ་20ལྷག་ཙམ་དང་དཔོན་དམག་གི་ནང་མི་བཅས་མི་600ལྷག་ཙམ་ས་ཆ་དངོས་སུ་ཡོང་སྟེ་མཁའ་དམག་གི་འཕུར་སྐྱོད་གསོ་སྦྱོང་དང་དམག་དོན་ནང་སྦྱོང་ལ་ལྟ་སྦྱོང་བྱས་པ་རེད། གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར། འདི་ལོ་ནི་དཔུང་སྡེ་དེས་དམག་སྒར་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་བསྟུད་མར་སྤེལ་ཐེངས་3པ་ཡིན་པ་དང་། ལོ་མང་རིང་། དཔུང་སྡེས་དམིགས་འཛུགས་དབུལ་སྐྱོར་སོགས་ཀྱི་བྱེད་སྒོ་མང་པོ་སྤེལ་ནས། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་དང་འབྲེལ་མཐུད་སྤེལ་རེས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། དམག་དཔུང་དང་ས་གནས་དབར་གྱི་མཐུན་སྒྲིལ་མཛའ་མཐུན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་རེད།