འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་30ཉིན།

༄༅༎ཨ་རིར་ཏོག་གསར་གློ་ཚད་ལས་གྲོངས་པའི་ནད་དཔེ་ཁྲི་15ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་30ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཉིའུ་གཡོད་ནས་གློག་འཕྲིན་འབྱོར་གསལ། ཨ་རིའི་གཡོད་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་29ཉིན་ཁྱབ་བསྒྲགས་བྱས་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ཨ་རིར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ལས་གྲོངས་པའི་ནད་དཔེ་ཁྲི་15ལས་བརྒལ་ཡོད།
     གྲངས་གཞི་ལས་མངོན་པར་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་29ཉིན་གྱི་ཆུ་ཚོད་15དང་སྐར་མ་35(པེ་ཅིང་གི་དུས་ཚོད་ཚེས་30ཉིན་གྱི་ཆུ་ཚོད་3དང་སྐར་མ་35)བར་ཨ་རིར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ལས་གྲོངས་པའི་ནད་དཔེ་150034ཟིན་ཡོད་པ་རེད།
     གྲངས་གཞི་ལས་མངོན་པ་ལྟར་ན། ཨ་རིར་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱུང་པའི་ནད་དཔེ་4396030ཟིན་ཡོད་པ་རེད། ཉིའུ་གཡོད་མངའ་སྡེ་ནི་ཨ་རིར་ཏོག་གསར་གློ་ཚད་ལས་གྲོངས་པའི་ནད་དཔེ་མང་ཤོས་ཀྱི་མངའ་སྡེ་ཡིན་ལ། གྲོངས་པའི་ནད་དཔེ་32658ཟིན་ཡོད་པ་དང་། ཤིན་ཙི་ཞི་མངའ་སྡེར་གྲོངས་པའི་ནད་དཔེ་15798ཟིན་ཡོད། གྲོངས་པའི་ནད་དཔེ་6000ལས་བརྒལ་བའི་མངའ་སྡེ་ད་དུང་ཅ་ལི་ཕུའུ་ཉི་ཡ་མངའ་སྡེ་དང་། མ་ས་ཀྲུའུ་སའེ་མངའ་སྡེ། དབྱི་ལི་ནུའོ་དབྱི་མངའ་སྡེ། པིན་ཤིས་ཧྥ་ཉི་ཡ་མངའ་སྡེ། སྨི་ཤིས་ཀེན་མངའ་སྡེ། ཧྥོ་ལུའོ་ལི་ཏ་མངའ་སྡེ་བཅས་ཡོད་པ་རེད།
     གྲངས་གཞི་དེ་དག་གཡོད་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་ཏོག་གསར་ནད་དུག་ཞིབ་འཇུག་རྣམ་གྲངས་ཀྱིས་དུས་ཐོག་ཏུ་ཕྱོགས་བསྡུས་བྱས་པའི་རྒྱལ་ཁབ་དང་ས་ཁུལ་ཁག་གི་གྲངས་གཞི་ནས་ཡོང་བ་ཞིག་ཡིན།