འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་29ཉིན།

༄༅༎ཨ་རིས་ཀྲུང་གོའི་དངོས་ཚན་11“དངོས་ཚན་གསལ་ཐོའི”ནང་བཅུག་པར་ཀྲུང་གོ་ཕྱོགས་ཀྱིས་ལན་སློག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་29ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚོང་དོན་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཨ་རིའི་ཚོང་དོན་པུས་ཀྲུང་གོའི་དངོས་ཚན་11ཕྱིར་གཏོང་དོ་དམ་གྱི“དངོས་ཚན་གསལ་ཐོའི”ནང་བཅུག་པའི་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
     དྲི་བ། ཨ་རིའི་ཚོང་དོན་པུའུ་ཡིས་ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་20ཉིན་སྤྱི་བསྒྲགས་སྤེལ་ནས། “ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད” དང་འབྲེལ་བ་ཡོད་པའི་ཀྲུང་གོའི་དངོས་ཚན་11ཕྱིར་གཏོང་དོ་དམ་གྱི“དངོས་ཚན་གསལ་ཐོ”རུ་བཅུག་པ་རེད། ཚོང་དོན་པུས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། 
     ལན། ཨ་རིའི་ཚོང་དོན་པུས་ཀྲུང་གོའི་དངོས་ཚན་11ཕྱིར་གཏོང་དོ་དམ་གྱི“དངོས་ཚན་རྩིས་ཐོའི”ནང་བཅུག་པར་ང་ཚོས་དོ་སྣང་བྱུང་། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་དཔལ་འབྱོར་ཉོ་ཚོང་བྱ་རྒྱུ་དེ་ཆབ་སྲིད་ཐོག་ནས་མགོ་གནོན་པའི་ལག་ཆར་བརྩིས་ཏེ། ཕྱིར་གཏོང་དོ་དམ་སོགས་ཀྱི་བྱེད་ཐབས་གང་བྱུང་དུ་སྤྱད་པ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་གཞན་པའི་ཁེ་ལས་ལ་རྡུང་རྡེག་བཏང་སྟེ་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ཡོད། དེ་ནི་ཀྲུང་གོར་མི་ཕན་པ་དང་། ཨ་རིར་མི་ཕན་ལ། འཛམ་གླིང་ཡོངས་ལའང་མི་ཕན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་འཕྲལ་དུ་ནོར་འཁྲུལ་གྱི་བྱེད་སྟངས་མཚམས་འཇོག་དགོས་པའི་སྐུལ་ལྕག་བྱ་རྒྱུ་དང་འབྲེལ་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།