འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་28ཉིན།

༄༅༎སི་ཁྲོན་ལིའང་ཧྲན་ཀན་ལུའོ་རུ་རི་ཉིལ་ནས་མི་2རྐྱེན་ལམ་དུ་ཤོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་28ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
རོགས་སྐྱོབ་བྱེད་སའི་ཡུལ་དངོས།
རོགས་སྐྱོབ་བྱེད་སའི་ཡུལ་དངོས།
     མི་དམངས་དྲ་བའི་འཕྲིན། ཟླ་7པའི་ཚེས་27ཉིན། གསར་འགོད་པས་ལིའང་ཧྲན་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་27ཉིན་གྱི་ཐོ་རེངས་ཆུ་ཚོད་1དང་སྐར་མ་28ཐོག ཀན་ལུའོ་རྫོང་པི་དབྱི་ཧྲི་གྲོང་ཚོའི་ཚོ་ཆུང་3པར་གློ་བུར་དུ་རི་ཉིལ་ནས། མི་གཉིས་ས་འོག་ཏུ་སྦས་ཏེ་རོགས་སྐྱོབ་བྱེད་དགོས་བྱུང་། ཀན་ལུའོ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཉེན་བརྡ་འབྱོར་རྗེས་འཕྲལ་དུ་རླངས་འཁོར་1དང་མི་8བཏང་ནས་ཡུལ་དངོས་སུ་ཛ་དྲག་རོགས་སྐྱོབ་བྱེད་པར་བསྐྱོད་པ་རེད།
     ཐོ་རེངས་ཆུ་ཚོད་1དང་སྐར་མ་48ཐོག མེ་ཟོན་མི་སྣ་ཡུལ་དངོས་སུ་འབྱོར་རྗེས་མྱུལ་ཞིབ་དང་འདྲི་རྩད་བྱས་པ་བརྒྱུད། དོན་རྐྱེན་ཐོན་ཡུལ་ནི་གྲོང་གསེབ་ཀྱི་རང་སྐྲུན་ཁང་པ་ཞིག་ཡིན་པ་དང་། ཁང་པའི་གཞོགས་ངོས་རི་ངོས་ལ་བརྟེན་ཡོད། ཉེ་ཆར་དྲག་ཆར་བབས་པའི་རྐྱེན་གྱིས་རི་ཉིལ་ནས་སྡོད་ཁང་ལ་རྡབ་རྡེག་བཏང་བ་རེད། 
     མེ་ཟོན་མི་སྣས་ཐོག་མའི་མྱུལ་ཞིབ་བྱས་པ་བརྒྱུད། ཚོད་དཔག་བྱས་ན་གནོད་འཚེ་ཕོག་ཡུལ་དུ་ཧ་ལམ་ས་སྨི་ངོས་གྲུ་1400ཙམ་རྡིབ་ཡོད། གནོད་འཚེ་ཐོན་ཡུལ་དུ་རི་ཉིལ་བ་མང་བ་དང་། རོགས་སྐྱོབ་ཀྱི་བར་མཐོངས་ཆུང་བ། གློག་སྒྲོན་ཆ་རྐྱེན་ཞན་པ། ཐེངས་གཉིས་པ་ཉིལ་བ་སོགས་ཀྱི་རྒྱུ་རྐྱེན་གནས་པ་རེད། ལས་ཡུལ་དངོས་ཀྱི་གནས་ཚུལ་ལ་དམིགས་ནས། རུ་སྣེ་ཁྲིད་པའི་མེ་ཟོན་བཀོད་འདོམས་པས་འཕྲལ་མར་རོགས་སྐྱོབ་བཀའ་རྒྱ་བཏང་བ་སྟེ། གཅིག་ནི་འཕྲལ་མར་ལྟ་ཞིབ་སོ་ལྟ་ཁང་བཙུགས་ནས་རི་ཉིལ་གནས་ཀྱི་གནས་ཚུལ་ཁོང་དུ་ཆུད་པ་དང་། ཕྱིར་འཐེན་གྱི་གྲ་སྒྲིག་དུས་དང་རྣམ་པ་ཀུན་ཏུ་ཡག་པོ་བྱས། གཉིས་ནི་འཕྲལ་མར་ཤིང་ལེབ་དང་དབྱུག་པ་སྤྱད་དེ་ཉིལ་བའི་རི་ངོས་འདེགས་སྐྱོར་བྱས་ནས་ཐེངས་གཉིས་པ་ཉིལ་པའི་སྔོན་འགོག་བྱས། གསུམ་ནི་ལྕགས་ཁེམ་དང་རྐོ་མ་རྣོན་པོ་སྤྱད་དེ་ཉེན་གྱར་མི་སྣའི་གནས་ཡུལ་གྱི་ས་འདམ་རེས་མོས་ངང་སྔོག་འདོན་བྱས། བཞི་ནི་མང་ཚོགས་ཁ་འགྲེམས་ནས་འབྲེལ་མེད་མི་སྣ་ཉེ་སར་བཅར་བར་སྔོན་འགོག་བྱས་པ་རེད། 
     རོགས་སྐྱོབ་བཀའ་རྒྱ་བཏང་རྗེས་རོགས་སྐྱོབ་མི་སྣས་གཏན་འཁེལ་བྱས་པའི་ལས་བགོས་གཞིར་བཟུང་འཕྲལ་དུ་ལས་ཀ་སྤེལ་བ་རེད། ཆུ་ཚོད་7ཙམ་གྱི་ཛ་དྲག་རོགས་སྐྱོབ་བྱས་པ་བརྒྱུད། ས་འོག་ཏུ་སྦས་པའི་མི་2བསྐྱབས་ཐུབ་ན་ཡང་ཡུལ་དངོས་ཀྱི་སྨན་པས་བརྟག་དཔྱད་བྱས་རྗེས་ཚེ་སྲོག་ལུས་རྟགས་མེད་པར་གཏན་འཁེལ་བྱུང་ཡོད།
【1】  【2】
རོགས་སྐྱོབ་བྱེད་སའི་ཡུལ་དངོས།
རོགས་སྐྱོབ་བྱེད་སའི་ཡུལ་དངོས།