འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་28ཉིན།

༄༅།།བོད་ལྗོངས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གསར་དུ་སྐྲུན་པའི་གནམ་གྲུའི་འབབ་ཚུགས་ཐོག་ཁང་
T3གྱི་ཐོག་བཀབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་28ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གསར་དུ་སྐྲུན་པའི་གནམ་གྲུའི་འབབ་ཚུགས་ཐོག་ཁང་
T3གྱི་ཐོག་བཀབ་པ།
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། བོད་ལྗོངས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གསར་དུ་སྐྲུན་པའི་གནམ་གྲུའི་འབབ་ཚུགས་ཐོག་ཁང་T3གྱི་ངར་ལྕགས་གྲུབ་ཆའི་ཐོག་ཚེས་27ཉིན་བཀབ་པས་དེས་གནམ་གྲུའི་འབབ་ཚུགས་T3ཡི་གྲུབ་ཆ་གཙོ་བོའི་ཨར་ལས་མཇུག་སྒྲིལ་བ་མཚོན་པ་དང་། སྤྱིའི་གྲུབ་ཆའི་ཨར་ལས་ལེགས་འགྲུབ་བྱུང་ནས། ལས་གྲྭ་ཡོངས་མཛེས་བཟོའི་ཨར་ལས་དུས་རིམ་ལ་སླེབས་པ་རེད།
    གནམ་གྲུའི་འབབ་ཚུགས་ཐོག་ཁང་T3ཡི་རྣམ་པ་ནི་པདྨའི་ལོ་མ་ལྟ་བུ་ཡིན་ཞིང་། དེའི་བཟོ་རྩལ་གཙོ་བོ་ནི་ངར་ལྕགས་སྒྲོམ་ཡིན་པ་དང་། དེའི་ངར་ལྕགས་རྒྱུ་ཆ་རྣམས་མཁོ་འདོན་འདང་ངེས་ཡོང་ཆེད། ཀྲུང་གོ་འཛུགས་སྐྲུན་ཅུས་བརྒྱད་པའི་རྣམ་གྲངས་པུས་ངར་ལྕགས་རྒྱུ་ཆ་སོགས་དངོས་ཟོག་གཅིག་གྱུར་བཀོད་སྒྲིག་བྱས་ནས། ཟླ་བ་གཅིག་གི་ནང་དུ་ངར་ལྕགས་ཏུན་10000ཡི་ཉོ་སྒྲུབ་ལེགས་གྲུབ་བྱུང་བ་རེད། ས་གནས་ས་ཐོག་གི་ངར་ལྕགས་གྲུབ་ཆའི་ཨར་ལས་ཀྱི་ངར་ལྕགས་རྒྱུ་ཆ་ཚང་མ་ཁྲེང་ཏུའུ་ནས་མཚོ་བོད་གཞུང་ལམ་བརྒྱུད་དེ་དབོར་བ་ཡིན་པ་དང་།  ལམ་བར་དུ་ཟི་ལིང་དང་། གོར་མོ། གདང་ལ་བརྒལ་ནས་གོང་དཀར་གནམ་ཐང་དུ་འབྱོར་བ་དང་། བར་ཐག་སྤྱི་ལེ་3000ལས་བརྒལ་བ་དང་སྤྱིའི་སྐྱེལ་འདྲེན་བྱེད་ཚད་འཁོར་ཐེངས་330ལྷག་ཙམ་ཟིན་ཡོད།
    ཀྲུང་གོ་འཛུགས་སྐྲུན་ཅུས་བརྒྱད་པའི་རྣམ་གྲངས་ཅིང་ལི་སུན་ཡན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་གནམ་ཐང་བབས་ཚུགས་ཐོག་ཁང་གི་རྣམ་གྲངས་ཀྱི་གཞི་རྩའི་ལས་གྲྭ་དང་། གྲུབ་ཆ་གཙོ་བོའི་ཨར་འདམ་ལུགས་ཀྱི་ཐོག་བཀབ་པ། ངར་ལྕགས་གྲུབ་ཆ་སྒྲིག་པ་སོགས་གཙོ་གནད་ལས་ཀ་མཇུག་སྒྲིལ་ཡོད། རྣམ་གྲངས་པུས་དེ་རྗེས་ཀྱི་ལས་དོན་ཁྲོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས། ངལ་རྩོལ་ནུས་ཤུགས་དང་འཕྲུལ་ཆས་སྒྲིག་ཆས་མང་དུ་བཏང་བ་དང་རྣམ་གྲངས་ཀྱི་སྤྱིའི་འགན་གཙང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འཛུགས་སྐྲུན་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
    ལྷ་ས་གོང་དཀར་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ནི་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་རྣམ་གྲངས་ཀྱི་ལས་གྲྭ་ཞིག་རེད། རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་3570ཟིན་པའི་གནམ་ཐང་དེ་རྒྱལ་ནང་དུ་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་ཀྱི་གནམ་ཐང་གཙོ་བོའི་གྲས་ཤིག་རེད། ད་ཐེངས་ཀྱི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ལེགས་གྲུབ་ཟིན་རྗེས། 2025ལོར་གནམ་ཐང་གིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་900དང་དངོས་ཟོག་དང་སྦྲག་བསྐུར་འདོན་འཇུག་བྱེད་ཚད་ཏུན་ཁྲི་8ཟིན་པའི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་རེད།
༄༅།།བོད་ལྗོངས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གསར་དུ་སྐྲུན་པའི་གནམ་གྲུའི་འབབ་ཚུགས་ཐོག་ཁང་
T3གྱི་ཐོག་བཀབ་པ།
༄༅།།བོད་ལྗོངས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གསར་དུ་སྐྲུན་པའི་གནམ་གྲུའི་འབབ་ཚུགས་ཐོག་ཁང་
T3གྱི་ཐོག་བཀབ་པ།