འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་27ཉིན།

༄༅།།སི་ཁྲོན་རྔ་པའི་གཟི་རྩ་སྡེ་དགུའི་ཧོང་ལུང་གནམ་ཐང་གི་མཁའ་ལམ་མང་པོ་སླར་གསོ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་27ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་གསར་འགྱུར་དུད་སྣེ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་དུ་རིག་གནས་དང་ཡུལ་སྐོར་པུའུ་གཞུང་དོན་ཐིང་གིས་ཡུལ་སྐོར་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཁྱོན་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཐོ་བཏང་ནས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)སྒྲོལ་བའི་ཚོགས་པའི་ཡུལ་སྐོར་སླར་གསོ་བྱས་ཡོད། ཚེས་19ཉིན་སི་ཁྲོན་རྔ་པའི་གཟི་རྩ་སྡེ་དགུའི་ཧོང་ལུང་གནམ་ཐང་དུ་ད་ལོ་ལས་འགོ་བསྐྱར་འཛུགས་བྱས་རྗེས་ཀྱི་ཞིང་ཆེན་གཞན་གྱི་ཡུལ་སྐོར་ཚོགས་པའི་གནམ་གྲུ་དང་པོ་དེ་འབྱོར་བ་རེད།
    གཟི་རྩ་སྡེ་དགུའི་ཧོང་ལུང་གནམ་ཐང་གི་ལས་བྱའི་སྤྱི་ཁྱབ་ཅིང་ལི་མོང་ཁྲི་ཞུང་གིས། རྒྱལ་ཁབ་ཀྱི་ཞིང་ཆེན་སྒྲོལ་བའི་ཡུལ་སྐོར་སྲིད་ཇུས་ལྷུག་ཏུ་བཏང་བ་དང་བསྟུན་ནས་གཟི་རྩ་སྡེ་དགུའི་ཧོང་ལུང་གནམ་ཐང་གིས་ཟླ་7ཚེས་19ཉིན་ཁྲུང་ཆིང་ནས་གཟི་རྩ་སྡེ་དགུ་བརྒྱུད་ཁྲང་ཧྲ་བར་དང་། ཤིས་ཨན་ནས་གཟི་རྩ་སྡེ་དགུ་བརྒྱུད་ཝུའུ་ཤིས་བར། ཁྲེང་ཏུའུ་ནས་གཟི་རྩ་སྡེ་དགུ་བར། ཁྲང་ཧྲ་ནས་གཟི་རྩ་སྡེ་དགུ་བརྒྱུད་ཁྲུང་ཆིང་བར། ཝུའུ་ཤིས་ནས་གཟི་རྩ་སྡེ་དགུ་བརྒྱུད་ཁྲང་ཧྲ་བར་བཅས་ཀྱི་མཁའ་ལམ་སླར་གསོ་བྱས་པ་རེད། ད་དུང་ཉེ་ཆར་པེ་ཅིང་གི་མཁའ་ལམ་སླར་གསོ་བྱ་རྩིས་ཡོད་པ་དང་། གོམ་སྟབས་རྗེས་མར་ལན་ཀྲོའུ་དང་ལྷ་ས་སོགས་ཀྱི་ཡུལ་སྐོར་མཁའ་ལམ་ཤར་གཏོང་བྱ་རྩིས་ཡོད་ཅེས་བརྗོད་པ་རེད།