མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཅི་ལིན་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་
འཁྱོངས་བྱས་ནས་བྱང་ཤར་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་དུས་རབས་གསར་པའི་
ཅི་ལིན་གྱི་ཕྱོགས་ཡོངས་ཀྱི་དར་རྒྱས་དང་གང་ས་ཅི་ཐད་ཀྱི་དར་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་26ཉིན། 11:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཅི་ལིན་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་
འཁྱོངས་བྱས་ནས་བྱང་ཤར་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་དུས་རབས་གསར་པའི་
ཅི་ལིན་གྱི་ཕྱོགས་ཡོངས་ཀྱི་དར་རྒྱས་དང་གང་ས་ཅི་ཐད་ཀྱི་དར་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས།

    ཟླ་7ཚེས་22ནས་24ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཅི་ལིན་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཟླ་7ཚེས་22ཉིན་གྱི་ཕྱི་དྲོར། སི་ཕིང་གྲོང་ཁྱེར་ལི་ཧྲུའུ་རྫོང་གི་རྒྱལ་ཁབ་ཀྱི་མུའུ་བརྒྱའི་ལྗང་མདོག་བཟའ་བཅའི་མ་བཅོས་རྒྱུ་ཆ(མ་རྨོས་ལོ་ཏོག)ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞིའི་ལྟེ་བའི་དཔེ་སྟོན་ཁུལ་དུ་ཞི་ཅིན་ཕིང་གིས་མ་རྨོས་ལོ་ཏོག་གི་ཞིང་ཁའི་ནང་ཕེབས་ནས་ཞིང་ལས་ཚན་རྩལ་ཞིབ་སྤེལ་བེད་སྤྱོད་དང་ས་ནག་སྲུང་སྐྱོང་བྱེད་ཚུལ་མཁྱེན་རྟོགས་གནང་བ།
    ■ ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ། “འགན་ལེན་དྲུག”གི་ལས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ། བྱང་ཤར་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་དགོས། ཏང་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་ལས་དོན་སྤྱི་ཡོངས་ཀྱི་ཁྲོད་དུ་འགན་གསར་པ་ཁུར་ཏེ། སྤུས་ཚད་དེ་བས་ལེགས་པ་དང་། ཕན་འབྲས་དེ་བས་ཡག་པ། གྲུབ་ཆ་དེ་བས་ལེགས་པ། ལེགས་ཆ་འདོན་སྤེལ་གང་ལེགས་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ནས་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས། དུས་རབས་གསར་པའི་ཅི་ལིན་གྱི་ཕྱོགས་ཡོངས་ཀྱི་དར་རྒྱས་དང་གང་ས་ཅི་ཐད་ཀྱི་དར་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པར་བྱས་རྗེས་གསར་པ་འཇོག་དགོས།
   ■ དུས་སང་རང་རྒྱལ་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་འགོ་འཛུགས་རྒྱུ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ལོ་ལྔ་ཚན་དང་པོ་དེ་ཡིན་པས། “ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ཀྱི་འཕེལ་རྒྱས་ལ་ཇུས་འགོད་ཡག་པོ་བྱེད་པ་གལ་འགངས་ཧ་ཅང་ཆེ། ས་གནས་ཁག་གིས་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་ཆབས་ཅིག འཕྲད་པའི་དཀའ་གནད་རྙིང་པ་དང་འགྲན་སློང་གསར་པར་དམིགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ཀྱི་འཕེལ་རྒྱས་ཀྱི་དམིགས་ཚད་དང་། བསམ་ཕྱོགས། བྱ་ཐབས་བཅས་ཇུས་འགོད་ཡག་པོ་ནན་ཏན་བྱེད་པའི་ཐུགས་རེ་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཁྲུན་ནས་ཟླ་7ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅི་ལིན་དུ་རྟོག་ཞིབ་གནང་སྐབས། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ། “འགན་ལེན་དྲུག”གི་ལས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ། བྱང་ཤར་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་དགོས། ཏང་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་ལས་དོན་སྤྱི་ཡོངས་ཀྱི་ཁྲོད་དུ་འགན་གསར་པ་ཁུར་ཏེ། སྤུས་ཚད་དེ་བས་ལེགས་པ་དང་། ཕན་འབྲས་དེ་བས་ཡག་པ། གྲུབ་ཆ་དེ་བས་ལེགས་པ། ལེགས་ཆ་འདོན་སྤེལ་གང་ལེགས་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ནས་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས། དུས་རབས་གསར་པའི་ཅི་ལིན་གྱི་ཕྱོགས་ཡོངས་ཀྱི་དར་རྒྱས་དང་གང་ས་ཅི་ཐད་ཀྱི་དར་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པར་བྱས་རྗེས་གསར་པ་འཇོག་དགོས་པའི་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་དུས་སང་རང་རྒྱལ་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་འགོ་འཛུགས་རྒྱུ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ལོ་ལྔ་ཚན་དང་པོ་དེ་ཡིན་པས།“ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ཀྱི་འཕེལ་རྒྱས་ལ་ཇུས་འགོད་ཡག་པོ་བྱེད་པ་གལ་འགངས་ཧ་ཅང་ཆེ། ད་ཆའི་འཛམ་གླིང་ལ་ལོ་བརྒྱར་འབྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ལ་རང་རྒྱལ་འཕེལ་རྒྱས་གྱི་ནང་ཁུལ་ཆ་རྐྱེན་དང་ཕྱི་རོལ་ཁོར་ཡུག་ལའང་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད། ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་ཞིབ་བསྡུར་གཏིང་ཟབ་དང་། བརྟག་ཞིབ་གཏིང་ཟབ། ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གིས“ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ཀྱི་གྲོས་འགོ་སྒྲིག་འཛུགས་བྱས་ནས་འདོན་བཞིན་ཡོད་ཅེས་བསྟན་གནང་ཞིང་། ཞི་ཅིན་ཕིང་གིས་ས་གནས་ཁག་གིས་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་ཆབས་ཅིག འཕྲད་པའི་དཀའ་གནད་རྙིང་པ་དང་འགྲན་སློང་གསར་པར་དམིགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ཀྱི་འཕེལ་རྒྱས་ཀྱི་དམིགས་ཚད་དང་། བསམ་ཕྱོགས། བྱ་ཐབས་བཅས་ཇུས་འགོད་ཡག་པོ་ནན་ཏན་བྱེད་པའི་ཐུགས་རེ་གནང་བ་རེད།
   ཟླ་7ཚེས་22ནས་24ཉིན་བར་ཞི་ཅིན་ཕིང་ཅི་ལིན་ཞིང་ཨུད་ཀྱི་ཧྲུའུ་ཅི་པ་དབྱིན་ཁྲའོ་ལུའུ་དང་ཧྲེང་ཀྲང་ཅིང་ཅུན་ཧའེ་ཡི་ཕེབས་རོགས་འོག་སི་ཕིང་དང་ཁྲང་ཁྲུན་སོགས་ས་ཁུལ་ལ་སྔ་རྗེས་སུ་ཕེབས་ཤིང་། གྲོང་གསེབ་དང་། སྡེ་ཁུལ། ཚན་རྩལ་གླིང་ཁུལ། ཁེ་ལས་བཅས་ལ་ཕེབས་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཚུལ་དང་། བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏོང་ཚུལ། “ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ལ་ཇུས་འགོད་བྱེད་ཚུལ་བཅས་ལ་བརྟག་ཞིབ་གནང་བ་རེད།
   ཅི་ལིན་སུང་ལེའོ་ཐང་གཤོངས་ལ“སེར་མདོག་ཅན་གྱི་མ་རྨོས་ལོ་ཏོག་ཁུལ”དང“སྲན་ཆེན་གྱི་ཕ་ཡུལ”ཞེས་བརྗོད་སྲོལ་ཡོད་ལ་རྒྱལ་ཁབ་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཀྱང་རེད། ཚེས་22ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་དང་ཐོག་སུང་ལེའོ་ཐང་གཤོངས་ཀྱི་དབུས་རྒྱུད་དུ་གནས་པའི་ལི་ཧྲུའུ་རྫོང་དུ་ཕེབས་ཤིང་། རྒྱལ་ཁབ་ཀྱི་མུའུ་བརྒྱའི་ལྗང་མདོག་བཟའ་བཅའི་མ་བཅོས་རྒྱུ་ཆ(མ་རྨོས་ལོ་ཏོག)ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞིའི་ལྟེ་བའི་དཔེ་སྟོན་ཁུལ་དུ་ཅི་ལིན་ཞིང་ཆེན་དང་ལི་ཧྲུའུ་རྫོང་གི་ཞིང་ལས་འཕེལ་རྒྱས་དང་། འཕྲུལ་ཆས་ཅན་དང་གཞི་ཁྱོན་ཅན་གྱི་འདེབས་འཛུགས་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་རེད།
   ཞི་ཅིན་ཕིང་མ་རྨོས་ལོ་ཏོག་གི་ཞིང་ཁའི་ནང་ཕེབས་ནས་ས་ནག་ཚོད་ལྟའི་དངོས་དཔེ་དང་མ་རྨོས་ལོ་ཏོག་གི་སོན་བཟང་འགྲེམས་སྟོན་ལ་གཟིགས་པ་མ་ཟད། ད་དུང་ཞིང་ལས་ཚན་རྩལ་ཞིབ་སྤེལ་བེད་སྤྱོད་དང་ས་ནག་སྲུང་སྐྱོང་བྱེད་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་ཞིང་ལས་དེང་རབས་ཅན་གྱི་འགག་རྩ་ནི་ཞིང་ལས་ཚན་རྩལ་དེང་རབས་ཅན་རེད། ཞིང་ལས་དང་ཚན་རྩལ་མཉམ་འདྲེས་ལ་ཤུགས་སྣོན་དང་ཞིང་ལས་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས། ཚན་ཞིབ་མི་སྣས་དཔྱད་རྩོམ་ས་གཞི་ཆེན་པོའི་ངོས་སུ་བྲིས་ཏེ། ཞིང་པར་ལག་རྩལ་ལེགས་ཤོས་ལ་བརྟེན་ནས་འབྲུ་རིགས་ཡག་ཤོས་འདེབས་སུ་འཇུག་དགོས། ལི་ཧྲུའུ་ཡི་དཔེ་རྣམ་ཕྱོགས་སྡོམ་དང་ཁྱབ་གདལ་ནན་ཏན་བཏང་བའི་ཁར། བྱ་ཐབས་ནུས་ལྡན་སྤྱད་དེ“རྨོ་ཞིང་ནང་གི་ནོར་ཞིང”ལྟ་བུ་ཡིན་པའི་ས་ནག་སྲུང་སྐྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་མི་དམངས་ལ་དུས་ནམ་ཡང་བདེ་སྐྱིད་སྐྲུན་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
   ཁྲང་ཁྲུན་གྲོང་ཁྱེར་ཁོན་ཁྲེང་ཆུས་ཐོན་ཧྲན་སྲང་ལམ་ཁྲང་ཧྲན་མེ་ཏོག་ལྡུམ་རའི་སྡེ་ཁུལ་ནི་དེ་སྔ་དཀའ་ངལ་མང་དག་ཡོད་པ་དང་ཁོར་ཡུག་བཙོག་ཟིང་ཞན་གསུམ་གྱི་སྡེ་ཁུལ་ཞིག་རེད། ལོ་མང་རིང་སྒྱུར་བཀོད་དང་བཅོས་སྒྲིག་བྱས་པ་བརྒྱུད། ད་ཆ་གྲོང་མི་བདེ་སྡོད་ལས་བརྩོན་གྱི་སྡེ་ཁུལ་ཞིག་ཏུ་གྱུར་ཡོད། ཚེས་23ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་སྡེ་ཁུལ་དུ་ཕེབས་ནས་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་དང་། གཞི་རིམ་བཅོས་སྐྱོང་། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་དོན་སྤེལ་ཚུན་མཁྱེན་རྟོགས་གནང་བ་དང་། ཁོ་ཚོས་འཛུགས་གཏོད་བྱས་པའི“རིམ་བཞིའི”སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་དྲ་རྒྱའི་ལས་དོན་མ་ལག་དང“སན་ཁྲང”སྡེ་ཁུལ་དོ་དམ་མ་ལག་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁྲང་ཧྲན་མེ་ཏོག་ལྡུམ་རའི་སྡེ་ཁུལ་ལ་བརྟེན་ནས་བཙུགས་པའི་ཅི་ལིན་ཁྲང་ཁྲུན་སྡེ་ཁུལ་ལས་བྱེད་པའི་སློབ་གླིང་བཙུགས་ནས་ལོ་གཅིག་རིང་རྒྱལ་ཡོངས་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་30ཡི་གཉེར་འགན་འཁུར་བ་དང་སྡེ་ཁུལ་གྱི་ལས་དོན་པ་4400ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད། ཞི་ཅིན་ཕིང་སློབ་གླིང་དུ་ཕེབས་ནས་སློབ་གླིང་འཛུགས་སྐྱོང་དང་གསོ་སྦྱོང་བྱེད་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྡེ་ཁུལ་གྱིས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་ལས་ཆུང་དུ་གཏོང་མི་རུང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་རྩ་འཛུགས་ཆེས་གཞི་རིམ་ལ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། ལག་ལེན་བསྟར་རིང་བསགས་པའི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་ཕྱོགས་སྡོམ་གྱིས་ཁྱབ་གདལ་བཏང་སྟེ། སློབ་གསོ་གསོ་སྦྱོང་གི་སྔོན་ཐོན་རང་བཞིན་དང་བརྒྱུད་རིམ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
   ཁྲང་ཁྲུན་ཁུལ་གསར་བཙུགས་ཏེ་ལོ་ལྔའི་རིང་སྔོན་ཐོན་བཟོ་སྐྲུན་དང་། སྐྱེ་དངོས་གསོ་བ་རིག་པ། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འདེགས་སྐྱོར་དུ་བྱས་པའི་དེང་རབས་ཐོན་ལས་ཀྱི་མ་ལག་རགས་ཙམ་ཞིག་བཙུགས་ཡོད། ཞི་ཅིན་ཕིང་གིས་ཁུལ་གསར་གྱི་འཆར་འགོད་འགྲེམས་སྟོན་ཁང་དུ་ཕེབས་ཏེ་ཐོན་ཟོག་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་དང་ཁུལ་གསར་གྱི་འཆར་འགོད་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་མཐོ་གསར་ཚན་རྩལ་གླིང་གིས་རྒྱལ་ཁབ་འཐབ་ཇུས་ཀྱི་དགོས་མཁོར་དམིགས་ནས་ཆུ་ཚད་མཐོ་བའི་འཆར་འགོད་དང་ཚད་གཞི་མཐོ་བའི་འཛུགས་སྐྲུན་མཐའ་འཁྱོངས་ཀྱིས་ལེགས་བསྡུས་ཞིབ་གཉེར་ཅན་དང་སྙིང་དོན་རྣམ་པའི་འཕེལ་རྒྱས་ལམ་དུ་སྐྱོད་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་འཆར་འགོད་དང་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་དགོས་ལ། ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་དེ་བས་ཀྱང་ཤར་གཏོང་བྱས་ནས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་རིང་སྐུལ་ཁྲིད་དང་ཁྱབ་འགྱེད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
   ཀྲུང་གོ་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་དང་པོ་ནི་ཀྲུང་གོ་གསར་པའི་རླངས་འཁོར་བཟོ་ལས་ཀྱི་འབྱུང་ཁུངས་ཡིན་ཞིང་། ལོ་ངོ་60ལྷག་ཙམ་རིང“དར་དམར”དང“བཅིངས་འགྲོལ”སོགས་གྲགས་ཅན་རང་རྟེན་སྤུས་རྟགས་བཏོད་ནས། མ་རྩ་མཉམ་འཇོག་དང་མཉམ་ལས་ཀྱི་སྤུས་རྟགས་རབ་དང་རིམ་པ་གྲུབ་ཡོད། ཀྲུང་གོ་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་དང་པོའི་ཞིབ་སྤེལ་སྤྱི་ཁྱབ་ཁང་གི་ཚོམས་ཆེན་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཁྱོན་ཡོངས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་ཞིང་། ཞི་ཅིན་ཕིང་གིས་རླངས་འཁོར་གྱི་མཁྲེགས་ཆས་ཚོད་ལྟ་ཚད་ལེན་ཁང་དུ་ཕེབས་ནས་ལག་རྩལ་གསར་པ་ཞིབ་སྤེལ་བྱེད་ཚུལ་མཁྱེན་རྟོགས་གནང་བ་རེད། ས་གནས་ས་ཐོག་ཏུ་སློབ་གྲྭ་ཐོན་མ་ཐག་པའི་སློབ་ཆེན་སློབ་མ་ཁ་ཤས་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅིས་ཁོ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ་འདི་ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཁོང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་ལ། མཐོ་སློབ་སློབ་ཐོན་སློབ་མས་ཀྱང་ལས་འདེམས་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་དགོས། གཏན་འདུན་ཡོད་ཚེ་བྱ་གཞག་སྒྲུབ་ཐུབ་པ་དང་འཇོན་ཐང་ཡོད་ཚེ་ངོམས་ས་ཡོད་ངེས་རེད། སླད་ཕྱིན་ཚང་མས་ངེས་གནས་འཕྱུགས་མེད་བཙལ་ཏེ་མི་ཚེའི་ཕུགས་འདུན་མངོན་འགྱུར་ཏན་ཏིག་བྱེད་པའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
   ཚེས་24ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་ཅི་ལིན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་པ་དང་། ཅི་ལིན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ད་དུང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། ཅི་ལིན་གྱི་བྱ་གཞག་ཁག་གི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་དེ་དུས་རབས་གསར་པར་ཅི་ལིན་དར་རྒྱས་གཏོང་རིང་ཚད་བརྒལ་གསར་པ་ཡོང་བ་དང་བྱས་རྗེས་གསར་པ་འཇོག་པའི་ཐུགས་རེ་གནང་བ་རེད།

འདི་ནི་ཟླ་7ཚེས་23ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཁྲང་ཁྲུན་གྲོང་ཁྱེར་ཀྲུང་གོ་རླངས་འཁོར་
ཚོགས་པ་ཚད་ཡོད་ཀུང་སི་དང་པོའི་ཞིབ་སྤེལ་སྤྱི་ཁྱབ་ཁང་དུ་ལས་བཟོའི་འཐུས་མི་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།
འདི་ནི་ཟླ་7ཚེས་23ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཁྲང་ཁྲུན་གྲོང་ཁྱེར་ཀྲུང་གོ་རླངས་འཁོར་
ཚོགས་པ་ཚད་ཡོད་ཀུང་སི་དང་པོའི་ཞིབ་སྤེལ་སྤྱི་ཁྱབ་ཁང་དུ་ལས་བཟོའི་འཐུས་མི་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

  
style="display:none;"