འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་24ཉིན།

༄༅།།སི་ཁྲོན་གྱི་ལི་ཐང་དུ་རི་ཉིལ་བའི་ས་རྡོ་གཙང་འཕྱག་བྱས་ནས་འགྲིམ་འགྲུལ་ཤར་གཏོང་ཐུབ་པར་
བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་24ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སི་ཁྲོན་གྱི་ལི་ཐང་དུ་རི་ཉིལ་བའི་ས་རྡོ་གཙང་འཕྱག་བྱས་ནས་འགྲིམ་འགྲུལ་ཤར་གཏོང་ཐུབ་པར་
བྱས་པ།
   ཟླ་7ཚེས་21ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་གཞུང་ལམ་ཡན་ལག་ཅུས་ཀྱིས་མི་སྣ་དང་འཕྲུལ་འཁོར་སྒྲིག་འཛུགས་བྱས་ཏེ། རྒྱལ་ལམ་227གྱི་K1685+270ཡི་ལེང་ཏོ་བྲག་གཡང་སར་རི་ཉིལ་བ་གཙང་འཕྱག་བྱེད་འགོ་ཚུགས་ཤིང་། ཉིན་དེའི་ཆུ་ཚོད་བཅོ་བརྒྱད་དང་སྐར་མ་སུམ་ཅུའི་བར་ཆུ་ཚོད་བཅུ་གྲངས་འབད་འཐབ་བྱས་པ་བརྒྱུད་ས་རྡོ་རྒྱ་དཔངས་གྲུ་བཞི་700ཙམ་གཙང་འཕྱག་བྱས་ནས་འགྲིམ་འགྲུལ་ཤར་གཏོང་ཐུབ་པའི་འགན་ལེན་ནུས་ལྡན་བྱས་ཡོད།