འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་24ཉིན།

༄༅།།བློ་བཟང་བསྟན་འཛིན་དང་ཁོང་གི་དབུལ་སྐྱོར་ཁྱད་ལྡན་ཚོང་ཁང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་23ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བློ་བཟང་བསྟན་འཛིན་དང་ཁོང་གི་དབུལ་སྐྱོར་ཁྱད་ལྡན་ཚོང་ཁང་།
   མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་22ཉིན། ལོ་43ལ་སླེབས་པའི་བློ་བཟང་བསྟན་འཛིན་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རི་རོང་ཤང་དུ་སྐད་གྲགས་ཡོད་པའི་“ལག་སྐྱེན་པོ་”ཞིག་ཡིན། ལོ་25ལ་སླེབས་པ་ནས་བཟུང་ཚོང་ཁང་བཙུགས་པ་དང་། ལོ་31ལ་སླེབས་པ་ནས་བཟུང་རྩམ་པ་ལས་སྣོན་གྱི་ལས་ལ་ཞུགས། ད་དུང་རང་ཉིད་ཀྱི་མིང་ཐོག་ནས་ཚོང་རྟགས་མིང་ཐོ་བཀོད་པ་རེད། ཡིན་ནའང་། ཚོང་ནི་བཟོ་ཁང་གི་གཞི་ཁྱོན་ཙམ་ཡིན། 2016ལོར་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོ་ལས་ཁོང་ལ་“མདུན་བསྐྱོད་ཀྱི་ལམ་བུ”རྙེད་པ་རེད། རེ་ཞུ་དང་འབད་པ་ཆེན་པོས་གྲ་སྒྲིག་བྱས་པ་བརྒྱུད། 2017ལོར་བློ་བཟང་བསྟན་འཛིན་གྱིས་སྣེ་ཁྲིད་བྱས་ནས་མ་དངུལ་སྒོར་ཁྲི་120བཏང་བའི་བློ་བསྟན་ཞིང་ལས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་དངོས་སུ་བཙུགས་ནས་ཐོན་སྐྱེད་བྱས་པ་རེད།
   གཞི་ཁྱོན་ལྡན་པའི་ཐོན་སྐྱེད་དང་ཚོང་ལམ་རྒྱ་བསྐྱེད་ཕྱིན་པས། བློ་བཟང་བསྟན་འཛིན་གྱིས་ཞིང་ཕྱུགས་ཐོན་ཟོག་ཆེད་ཚོང་ཁང་ཞིག་བཙུགས་པ་རེད། ལྷུན་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། རྫོང་གྲོང་གི་འཁྲུག་ཆ་ཆེ་བའི་ལམ་བུར་ཁོང་ལ་ཁང་མིག་གསུམ་གྱི་ཁང་པ་ཞིག་བཀོད་སྒྲིག་བྱས་པ་རེད། 2019ལོའི་ཟླ་8པར། བློ་བཟང་བསྟན་འཛིན་གྱི་ཁྱད་ལྡན་ཐོན་ཟོག་ཚོང་ཁང་སྒོ་ཕྱེ་བ་རེད།
   སྲོལ་རྒྱུན་གྱི་ལེགས་ཆར་བརྟེན་ནས་་ཐོན་རྫས་རབ་དང་རིམ་པ་གསར་སྤེལ་བྱས་པ་དང་། སྤུས་ལེགས་ཀྱི་འདུ་ཤེས་འཛུགས་པ། བློ་བཟང་བསྟན་འཛིན་གྱིས་ནས་ཀྱི་ཐོན་ཟོག་གི་ཚོང་གཉེར་འཆར་འགོད་ཆ་ཚང་བཟོས་པ་དང་ཆབས་ཅིག་སུར་པན་དང་གཡེར་མ་སོགས་སྨན་སྣ་རབ་དང་རིམ་པ་གསར་སྤེལ་བྱ་རྒྱུ་དེ་ཐོན་ཟོག་གི་འཆར་འགོད་གསར་པའི་ནང་བཅུག་ཡོད། 2020ལོའི་ལོ་སྟོད་བར། བློ་བསྟན་ཞིང་འབྲོག་ཐོན་རྫས་ལས་སྣོན་མཉམ་ལས་ཁང་ལ་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་160ཙམ་བྱུང་ནས་གཏན་འཇགས་ལས་ཞུགས་མི་7(ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་4ཚུད་པ)ཡོད་ལ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་119ལ་ཁེ་སྤོགས་ཐོབ་ཡོད་པ་རེད།
    བློ་བཟང་བསྟན་འཛིན་གྱིས་རང་ཉིད་ལ་གྲུབ་འབྲས་ཐོབ་སྐབས་ཡུལ་མི་རྣམས་སྣེ་ཁྲིད་དེ་ཕྱུག་པོའི་ལམ་དུ་བསྐྱོད་རྒྱུ་བརྗེད་མེད། ད་ཡོད་ཀྱི་ཚོང་ཁང་དང་དྲ་ཐོག་ཚོང་དོན་ལས་སྟེགས་སྤྱད་དེ་རྫོང་གི་ཤང་གྲོང་ཁག་གི་མཉམ་ལས་ཁང་8དང་དབང་པོ་སྐྱོན་ཅན་7གྱིས་ཐོན་སྐྱེད་བྱས་པའི་སྒོ་ང་དང་། ཨ་རག  དེ་བཞིན་སྤོས་དང་སྨྱུག་ཆས་སོགས་ཀྱི་ཐོན་རྫས་དང་། ལག་ཤེས་བཟོ་རྩལ་ཐོན་རྫས་ལ་ཕྱིར་ཚོང་ཐབས་ལམ་མཁོ་འདོན་བྱས་པ་རེད།
    ལོ་གཅིག་ཙམ་རིང་གཉེར་སྐྱོང་བྱས་པ་བརྒྱུད། བློ་བཟང་བསྟན་འཛིན་གྱི་ཚོང་ཁང་ནང་ཟོག་སྒྲོམ་མང་དུ་ཕྱིན་པ་དང་། ཚོང་ཁང་ནང་གི་ཐོན་ཟོག་ནང་རྩམ་པ་ནག་པོ་ཡོད་པ་ཕུད། ཐོན་རྫས་རིགས་བཅུ་ཕྲག་མང་དུ་ཕྱིན་ཡོད་ལ། ད་ལྟ་ཚབ་འཚོང་བྱས་པའི་ཐོན་རྫས་ཀྱིས་ཚོང་ཁང་ནང་གི་ཕྱེད་ཀ་ཡན་ཟིན་ཡོད། འོན་ཀྱང་བློ་བཟང་བསྟན་འཛིན་གྱིས་“ཚང་མས་ཡིད་ཆེས་བྱས་ན། ངས་ལྷུན་རྩེ་རྫོང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཚབ་འཚོང་བ་བྱེད་འདོད་ཡོད་”ཅེས་བཤད།
【1】  【2】
༄༅།།བློ་བཟང་བསྟན་འཛིན་དང་ཁོང་གི་དབུལ་སྐྱོར་ཁྱད་ལྡན་ཚོང་ཁང་།