མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། ཁྲོམ་རའི་
བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་པ་དང་། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཁེ་ལས་ཀྱིས་
ནུས་པ་དེ་བས་ཆེ་བ་འདོན་སྤེལ་དང་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་23ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     འདི་ནི་ཟླ་7ཚེས་21ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་གལ་ཆེན་ཡང་གནང་བཞིན་པ།

     འདི་ནི་ཟླ་7ཚེས་21ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་གལ་ཆེན་ཡང་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་21ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་རིམ་བཞིན་བཙུགས་པ་དང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། ཁྲོམ་རའི་མ་ལག་ཟམ་མི་ཆད་པར་འཕེལ་རྒྱས་བཏང་བས་རིགས་ཁག་གི་ཁྲོམ་རའི་བྱེད་པོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་དང་འཛམ་གླིང་གི་དཔལ་འབྱོར་ལ་རྡབ་རྡེག་ཆེན་པོ་ཕོག་ནས་རང་རྒྱལ་གྱི་ཁྲོམ་རའི་བྱེད་པོ་མང་པོར་སྔར་བྱུང་མ་མྱོང་བའི་གནོན་ཤུགས་འཕྲད་ཡོད། ཁྲོམ་རའི་བྱེད་པོ་ནི་དཔལ་འབྱོར་སྟོབས་ཤུགས་ཀྱི་གཞི་རྟེན་ཡིན་པས་ཁྲོམ་རའི་བྱེད་པོ་འགན་ལེན་བྱེད་པ་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འགན་ལེན་བྱས་པ་ཞིག་རེད། ཐབས་བརྒྱ་ཇུས་སྟོང་ངང་ཁྲོམ་རའི་བྱེད་པོ་སྲུང་སྐྱོང་ཡག་པོ་བྱས་ཏེ་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་པ་དང་། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཁེ་ལས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་དང་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཆེད་གཞི་རྩའི་སྟོབས་ཤུགས་གསོག་འཇོག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་པ་རེད།
     བཞུགས་མོལ་ཚོགས་འདུའི་ཐོག་ཧའེ་ཁང་ཝུའེ་ཧྲེ་གྲངས་འཛིན་ལག་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲེ་ཀྲང་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཙུང་ཉན་དང་། ཀྲུང་གོ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲེ་ཀྲང་ཏང་ཙུའི་ཧྲུའུ་ཅི་ཉིང་ཀའོ་ཉིང་། ཝུའུ་ཧན་ཀའོ་ཏེ་དམར་ཕྱི་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲེ་ཀྲང་ཧོང་ལི། ཀེར་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲེ་ཀྲང་ཅང་པིན། ཧྲང་ཧའེ་ཕིང་ཧའེ་གསོལ་མགྲོན་ཁང་གི་སྤྱི་ཁྱབ་ཅིང་ལི་ཀྲའོ་ཤན་ཀྲེན། ཝེ་རོན་གོ་ལ་ཧྲིལ་པོའི་ཙུང་ཚའེ་གཞོན་པ་བསླབ་པ་རྒན་གྲས་ཝེ་རོན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཞིབ་སྤེལ་ཚོགས་པའི་ཀྲུའུ་ཞི་ཧུང་ཞའོ་ཝུན། སུང་ཞ་གློག་ཆས(ཀྲུང་གོ)ཚད་ཡོད་ཀུང་སིའི་ཙུང་ཚའེ་ཀྲའོ་པིང་ཏི་སོགས་ཁེ་ལས་མཁས་ཅན་གྱི་འཐུས་མི་7གྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ཏེ། མིག་སྔའི་དཔལ་འབྱོར་གྱི་དུས་བབ་དང་། ཁྲོམ་རའི་བྱེད་པོར་སྲུང་སྐྱོང་། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན། ཁེ་ལས་སྒྱུར་བཅོས་ཟབ་གཏོང་། ཤེས་ལྡན་མི་སྣ་ནང་འདྲེན་དང་ཡག་པོ་སྤྱོད་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་འགོད་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། གཏམ་བཤད་སྤེལ་རིང་ཞི་ཅིན་ཕིང་གིས་གནད་དོན་འགའ་ཞིག་ཐད་ཚང་མ་དང་སྤེལ་རེས་ཡང་སེ་གནང་ནས་ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།
     ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་མིག་སྔར་རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དཔལ་འབྱོར་འཕེལ་རྒྱས་ཐད་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་མངོན་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་སླར་གསོའི་ཐད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་བཅས་བྱུང་ནས་དུས་བབ་ཚང་མ་སྔོན་དཔག་ལས་ལེགས་པ་བྱུང་ཡོད། དེས་ན་ང་ཚོས་གདེང་ཚོད་མཐོར་གཏོང་དང་དཀའ་ངལ་སྔོན་བསུས་ཀྱིས་རིམས་ནད་ཀྱིས་བཟོས་པའི་གྱོང་གུན་ཧུར་ཐག་གསབ་ནས་ལོ་འཁོར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་བཟང་པོ་ཐོབ་རྒྱུར་འབད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཀྲུང་དབྱང་གིས“བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་ཏན་ཏིག་བྱེད་དགོས་ཞེས་གསལ་པོ་བཏོན་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཁྲོམ་རའི་བྱེད་པོ་སྲུང་སྐྱོང་དང་དེར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱས་ཐོག་རྒྱ་ཆེའི་ཁྲོམ་རའི་བྱེད་པོ་རྒྱུན་གཏན་ལྟར་འཚོ་གནས་ཐུབ་པ་མ་ཟད་འཕེལ་རྒྱས་དེ་བས་ཆེ་བ་འགྲོ་ཐུབ་པ་བྱེད་དགོས་པ་སྟེ། གཅིག་ནས་དཀའ་ངལ་སེལ་བ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས། དེ་བས་དགེ་མཚན་ལྡན་ལ་ནུས་པ་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་དེ་བས་བརྟན་ལ་སྤྱོད་གོ་ཆོད་པའི་དངུལ་ལོར་གྱི་སྲིད་ཇུས་ལག་ལེན་ཡག་པོ་བསྟར་བ་དང་། གཞི་རྩའི་སྲིད་ཇུས་ཀྱི་དམིགས་སའི་རང་བཞིན་དང་དུས་མཚམས་ཀྱི་ཕན་འབྲས་རང་བཞིན་ཆེ་རུ་གཏོང་བ། མུ་མཐུད་ཁྲལ་རིན་གཉིས་གཅོག་དང་བོགས་སྐྱེད་གཉིས་གཅོག་བཅས་བྱས་ནས་དཀའ་སེལ་བྱེད་ཐབས་ཁག་ཐད་ཀར་གཞི་རིམ་དུ་དོན་འཁྱོལ་དང་ཐད་ཀར་ཁྲོམ་རའི་བྱེད་པོར་ཕན་ཐོགས་པའི་འགན་ལེན་བྱས་ནས་ཁྲོམ་རའི་བྱེད་པོར་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀུན་ཕན་དངུལ་རྩ་འཕེལ་རྒྱས་གཏོང་བ། ཚོང་གཉེར་ལ་འཚམ་པའི་ཕྱིར་གཏོང་ཚོང་ཟོག་ལ་རྒྱབ་སྐྱོར་གྱིས་རྒྱལ་ནང་གི་ཁྲོམ་ར་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས་པ་དང་། གཉིས་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྐྲུན་དགོས། དམངས་དོན་ཁྲིམས་གཞུང་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལག་ལེན་ཡག་པོ་བསྟར་བ་དང་། གཞུང་ཁོངས་དང་། དམངས་གཉེར། ཕྱི་ཕྱོགས་མ་རྩ་སོགས་དབང་བའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་བདག་དབང་དང་རང་བརྟེན་གཉེར་སྐྱོང་དབང་ཆ་སྣ་ཚོགས་ལ་ཁྲིམས་བཞིན་འདྲ་མཉམ་ངང་སྲུང་སྐྱོང་བྱེད་པ། ཁྲོམ་རའི་ཆོག་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཕྱི་རྒྱལ་གྱིས་མ་རྩ་འཇོག་ཐབས་ལག་ལེན་ཡག་པོ་བསྟར་བ། ཁྲོམ་རའི་ཆོག་འཐུས་ལྷུག་ཏུ་གཏོང་བ་བཅས་བྱས་ནས་ཚོང་དོན་དང་མ་འཇོག་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་དགོས་པ། གསུམ་ནས་སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་འཛུགས་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཁ་གསལ་གཏིང་གསལ་ངང་ཁེ་ལས་དང་འགྲོ་འོང་བྱས་ཏེ་ཁེ་ལས་མཁས་ཅན་གྱིས་བསམ་བློ་གཏོང་ཡུལ་དང་སེམས་ཁྲལ་བྱ་ཡུལ་ཤེས་རྟོགས་བྱས་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་བཟོ་བར་ཁེ་ལས་མཁས་ཅན་གྱི་བསམ་འཆར་དང་གྲོས་འགོ་མང་ཙམ་ཉན་དགོས། དེ་དང་ཆབས་ཅིག་དབང་དངུལ་ཉོ་ཚོང་དང་ཚོང་ལས་ཀྱི་ལྐོག་ཟ་ལྐོག་རྔན་ལེན་པ་སོགས་གནད་དོན་གྱིས་སྲིད་ཚོང་གི་འབྲེལ་བ་དང་ཚོང་གཉེར་ཁོར་ཡུག་ལ་གནོད་འཚེ་མི་ཕོག་པ་མཐའ་གཅིག་ཏུ་བྱེད་དགོས། སྤྱི་པའི་སྤུས་ལེགས་ཀྱི་ཞབས་འདེགས་དེ་བས་མང་བ་ཞུས་ཏེ་ཁེ་ལས་མཁས་ཅན་གྱིས་ཆོད་སེམས་བརྟན་པོར་བརྟེན་ནས་ཕུགས་ཀྱི་བྱ་གཞག་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ནས་ཀྲུང་གོའི་ཁྲོམ་རར་རྐང་པ་བརྟན་པོ་འཛུགས་པ་དང་ཀྲུང་གོའི་ཁྲོམ་ར་སྔོག་འདོན་གཏིང་ཟབ་བྱེད་དགོས་པ། བཞི་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་དགོས་ཤིང་། ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་བོགས་དངུལ་དང་། ཁྲལ་གྲོན། སྤྱི་ཚོགས་འགན་བཅོལ། མ་དངུལ་བསྡུ་སྒྲིལ་སོགས་ཐད་ཀྱི་དཀའ་གནད་སེལ་རོགས་ཧུར་ཐག་བྱས་ཏེ་དེ་བས་ཐད་ཀར་དང་དེ་བས་ནུས་ཆེའི་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་དགོས་པ་བཅས་རེད།
     ཞི་ཅིན་ཕིང་གིས། “ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་ལོ་ལྔ་ཚན་དང་པོ་དེ་ཡིན་པས་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། འབྲེལ་ཡོད་ཕྱོགས་ཁག་གིས་ཁེ་ལས་མཁས་ཅན་གྱི་འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་བྱེད་དགོས། ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་རྒྱ་ཆེའི་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ནུས་པ་དེ་བས་ཆེ་བ་ཐོན་པ་དང་འཕེལ་རྒྱས་དེ་བས་ཆེ་བ་མངོན་འགྱུར་བྱེད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  
style="display:none;"