འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་22ཉིན།

༄༅༎སི་ཁྲོན་ལེའང་ཧྲན་ཅིན་དབྱང་རྫོང་གི་འབྲི་ཆུའི་འགག་གསུམ་གྱི་ལན་ཤིང་ཟམ་པའི་ཟམ་གདན་གཙོ་བོ་
ཨང་6པར་འཛམ་གླིང་གི་ཟིན་ཐོའི་ཁས་ལེན་ཐོབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་22ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འཛུགས་སྐྲུན་བྱེད་བཞིན་པའི་ཅིན་དབྱང་རྫོང་ཅིན་དབྱང་ཆུ་བོའི་ཟམ་ཆེན།
འཛུགས་སྐྲུན་བྱེད་བཞིན་པའི་ཅིན་དབྱང་རྫོང་ཅིན་དབྱང་ཆུ་བོའི་ཟམ་ཆེན།
     མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན་སི་ཁྲོན་ཅིན་དབྱང་རྫོང་ཅིན་དབྱང་ཆུ་བོའི་ཟམ་ཆེན་དེ་སྔར་བཞིན་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཟམ་པ་དེའི་རིང་ཚད་ལ་སྨི་757.5ཡོད་ཅིང་། ཇུས་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་40ཡིན་པ་རེད། ཀྲུང་གོའི་འབྲི་ཆུའི་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སིས་རོགས་སྐྱོར་བྱས་པ་དང་ཅིན་དབྱང་རྫོང་སྲིད་གཞུང་གིས་མ་དངུལ་རང་གྲབས་བྱས་ནས་འཛུགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། མ་དངུལ་སྒོར་དུང་ཕྱུར་3.39བཏང་ཡོད། ཅིན་དབྱང་རྫོང་གི་འགྲིམ་འགྲུལ་རྣམ་གྲངས་གཙོ་བོ་ཞིག་ཡིན་པའི་ཆ་ནས། རྒྱལ་ལམ་G356རྒྱུད་ཀྱི་ཆུ་བོ་སྒྲོལ་བ་དང་ས་ཁོངས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་གཏོང་བ་སོགས་ཀྱི་ནུས་པ་ཐོན་པ་མ་ཟད། རྫོང་གྲོང་གི་གྲོང་ཁུལ་གསར་རྙིང་འབྲེལ་མཐུད་བྱེད་པ་དང་། ས་གཤིས་གནོད་འཚེ་གཡོལ་བའི་ཁ་འགྲེམས་ཀྱི“ཚེ་སྲོག་བགྲོད་ལམ”བཏོད་པ། གྲོང་ཁུལ་འཕེལ་རྒྱས་ཀྱི་བར་མཐོངས་ནུས་ལྡན་ངང་རྒྱ་ཆེར་བཏང་བ་བཅས་བྱེད་ཐུབ་རྒྱུ་རེད། 2021ལོར་དངོས་སུ་བསྐྲུན་ཟིན་རྗེས། ཅིན་དབྱང་རྫོང་གྲོང་གི་གྲོང་ཁུལ་གསར་རྙིང་དབར་གྱི་ལམ་ཐག་ཆུ་ཚོད་གཅིག་ལྷག་ཙམ་ནས་སྐར་མ་བཅུ་བར་ཐུང་དུ་འགྲོ་རྒྱུ་རེད།
     ཟླ་6ཚེས་23ཉིན། མཇུག་མཐའི་ཨར་འདམ་ལུགས་རྒྱག་པའི་ཅིན་དབྱང་ཆུ་བོའི་ཟམ་ཆེན་གྱི་མཐོ་ཚད་སྨི་196ཟིན་པའི་ཟམ་གདན་གཙོ་བོ་ཨང་6པའི་ཐོག་བཀབ་པ་དང་བསྟུན་ནས་འཛམ་གླིང་ཐོག་མཐོ་ཤོས་ཀྱི་མཁྲེགས་ཟམ་ལྕགས་སྦུག་ཨར་འདམ་གྱི་དྲ་བས་གྲུབ་པའི་སྦུག་གདན་གྱི་ཟིན་ཐོ་གསར་པ་བཏོད་དེ་ཀྲུང་གོའི་ཟམ་པ་འཛུགས་སྐྲུན་གྱི་མཛད་རྗེས་རྡོ་རིང་གསར་པ་ཞིག་ཏུ་གྱུར་ཡོད། ཟླ་7ཚེས་15ཉིན། མཐོ་ཚད་སྨི་196.0035ཟིན་པའི་ཟམ་གདན་གཙོ་བོ་ཨང་6པར་འཛམ་གླིང་ཟིན་ཐོའི་ཆེད་ལས་ཀྱི་ཁས་ལེན་དཔང་འདོན་སྒྲིག་གཞི་སྟེ་ཁམ་ཆི་འཛམ་གླིང་ཟིན་ཐོ་ཚད་ཡོད་ཀུང་སིའི་ཁས་ལེན་ཐོབ་ནས་འཛམ་གླིང་གི་རིགས་གཅིག་པའི་ཟམ་གདན་གྱི་མཐོ་ཚད་གསར་པ་བཏོད་ཡོད།
【1】  【2】
འཛུགས་སྐྲུན་བྱེད་བཞིན་པའི་ཅིན་དབྱང་རྫོང་ཅིན་དབྱང་ཆུ་བོའི་ཟམ་ཆེན།
འཛུགས་སྐྲུན་བྱེད་བཞིན་པའི་ཅིན་དབྱང་རྫོང་ཅིན་དབྱང་ཆུ་བོའི་ཟམ་ཆེན།