མི་དམངས་དྲ་བ།

༄༅༎《ཞི་ཅིན་ཕིང་ཧྥུའུ་ཀྲོའུ་རུ་བཞུགས་དུས》ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་22ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་ཧྥུའུ་ཀྲོའུ་རུ་ཕྱག་ལས་གནང་བའི་གནས་ཚུལ་མཚོན་པའི་བཅར་འདྲིའི་ཟིན་བྲིས《ཞི་ཅིན་ཕིང་ཧྥུའུ་ཀྲོའུ་རུ་བཞུགས་དུས》ཞེས་པ་ཉེ་དུས་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
     1990ལོའི་ཟླ་4པར། ཞི་ཅིན་ཕིང་ཧྥུའུ་ཅན་ཤར་རྒྱུད་ཀྱི་ཉིང་ཏེ་ས་ཨུད་ཀྱི་ཧྲུའུ་ཅི་ནས་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧྥུའུ་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅིར་ལས་བསྒྱུར་བྱས་ཏེ་དེ་གར་ཕྱག་ལས་ལོ་དྲུག་ཏག་ཏག་གནང་ཡོད། ཁོང་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་གནང་བའི་རྨང་གཞིའི་ཐོག་ཧྥུའུ་ཀྲོའུ་འཕེལ་རྒྱས་ཐད་བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་སྤྱི་ཡོངས་ནས་འཆར་འགོད་གནང་སྟེ། སྒྱུར་བཅོས་སྒོ་དབྱེར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ནང་འདྲེན་ཕྱི་འབྲེལ་རྒྱ་ཁྱབ་ངང་སྤེལ་ནས་ཧྥུའུ་ཀྲོའུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
     བཅར་འདྲིའི་ཟིན་བྲིས《ཞི་ཅིན་ཕིང་ཧྥུའུ་ཀྲོའུ་རུ་བཞུགས་དུས》ཞེས་པར་ཁྱོན་ལེ་ཚན་23ཡོད། ཟུར་ཚད་མི་འདྲ་བའི་ཐོག་ནས་ཞི་ཅིན་ཕིང་ཧྥུའུ་ཀྲོའུ་རུ་ཕྱག་ལས་གནང་བའི་མྱོང་བ་གཙོ་བོ་བཀོད་པ་དང་། ཁོང་གིས་འགོ་ཁྲིད་པ་དང་སྐུལ་འདེད་བཏང་བའི“མིང་ཅང་གཙང་པོའི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་དཔལ་འབྱོར་གླིང”འཛུགས་སྐྲུན་དང་། “མཚོ་ཐོག་གི་ཧྥུའུ་ཀྲོའུ”འཛུགས་སྐྲུན། གྲོང་ཁྱེར་གྱི་གནའ་ཉམས་ལ་སྲུང་སྐྱོང་། གྲོང་ཁྱེར་རྙིང་པ་བསྒྱུར་བཀོད། དམངས་འཚོར་ལྷག་བསམ་ཟོལ་མེད་ཀྱིས་དོ་ཁུར། ལས་བྱེད་པ་གཤམ་བསྐྱོད་བྱ་རྒྱུར་མཛུབ་ཁྲིད། “འཕྲལ་མར་སྒྲུབ་གཉེར”བྱ་རྒྱུ་དར་སྤེལ་སོགས་གསོན་ཉམས་ལྡན་པའི་གཏམ་རྒྱུད་བརྗོད་ཡོད། ཞི་ཅིན་ཕིང་གི་ཕུགས་ལ་དམིགས་པ་དང་། སྤྱི་ཡོངས་བློ་ལ་འཆང་བའི་འཐབ་ཇུས་ཀྱི་བསམ་ཕྱོགས་དང་བློ་གཤོགས་ཆེན་པོས་ཚན་རིག་དང་མཐུན་པའི་ཇུས་འགོད་གནང་བའི་འགོ་ཁྲིད་ཀྱི་འཇོན་ཐང་། ཏན་ཏན་ཏིག་ཏིག་དང་གཟབ་ནན་དངོས་གཉེར་གྱི་ལས་ཀའི་སྤྱོད་ཚུལ། མི་དམངས་ལ་བརྩེ་སེམས་འཆང་བ་དང་དམངས་སེམས་དྲོ་བར་བྱེད་པའི་ལྷག་བསམ་རྣམ་དག་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

  
style="display:none;"