འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་20ཉིན།

༄༅།།རྒན་ཉི་མ་ལགས་ཀྱི་འཇུ་བྲོའི་ཕུགས་འདུན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་20ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒན་ཉི་མ་ལགས་ཀྱི་འཇུ་བྲོའི་ཕུགས་འདུན།
   ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས“འཇུ་བྲོ”ཡི་འབྱུང་ཁུངས་ཡིན། དེ་ནི་ལྷོ་ཁའི་རྒྱུད་དུ་དར་བའི་དམངས་ཁྲོད་ཀྱི་བཀྲ་ཤིས་རེ་སྨོན་བྱེད་པའི་ཞབས་བྲོའི་སྒྱུ་རྩལ་ཞིག་ཡིན་པའི་ཆ་ནས། “འཇུ་བྲོར་”བོད་ཀྱི“རྐེད་རྔའི་བྲོ”ཞེས་འབོད་ཀྱི་ཡོད་པ་དང་། ད་བར་ལོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། “འཇུ་བྲོ”ནི་བོད་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོའི་རིག་གནས་ཁྲོད་ཀྱི་དམིགས་བསལ་གྱི་སྒྱུ་རྩལ་ཞིག་དང་ད་བར་གནས་པའི་འཛམ་གླིང་མི་རིགས་ཁག་གི་སྲོལ་རྒྱུན་ཞབས་བྲོའི་རིག་གནས་ཁྲོད་ཀྱི་ཆེས་གནའ་བོའི་རྣམ་པའི་གྲས་ཤིག་ཀྱང་ཡིན།
    འཇུ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གྲོང་མི་རྒན་ཉི་མ་ལགས་ནི་ཐུན་མོང་མ་ཡིན་པའི་བྲོ་གར་དེའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་རེད། ལོ་9ནས་བཟུང་འཇུ་བྲོ་སྦྱངས། “འཇུ་བྲོའི”འཁྲབ་སྟོན་བྱས་ནས་ལོ་60ལྷག་ཙམ་སོང་ཡོད། “འཇུ་བྲོའི་”འཁྲབ་སྟོན་གྱི་སྣེ་ཁྲིད་དེ་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་བྱ་དགའ་མཐོ་ཤོས་ཏེ་རི་སྐྱེས་མེ་ཏོག་བྱ་དགའི་ཚོམས་ཆེན་ནང་བསྐྱོད།  
   ལོ་བཅུ་ཕྲག་ཁ་ཤས་རིང་འབད་བརྩོན་ལྷོད་མེད་ཀྱིས་འཚོལ་ཞིབ་དང་དོན་གཉེར་བྱས་པ་བརྒྱུད། རྒན་ཉི་མ་ལགས་ཀྱིས“འཇུ་བྲོ”འཁྲབ་སྟོན་བྱེད་པའི་ཐད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ཞིག་ཆགས་ཡོད། འཁྲབ་སྟོན་བྱེད་རིང་། ཁོང་གིས“བྲོ་དཔོན”གྱི་འགན་འཁུར་ནས་བྲོ་གར་གྱི་སྟངས་སྟབས་ཧྲིལ་པོ་ཚོད་འཛིན་བྱེད་ཀྱི་ཡོད། ད་ཆ་འཇུ་གྲོང་ཚོར། རྒན་ཉི་མ་ལགས་ཀྱིས་སྔ་རྗེས་སུ་སློབ་མ་80ལྷག་ཙམ་གསོ་སྐྱོང་བྱས་ཡོད་པ་མ་ཟད། ད་དུང་བྲོ་གར་རུ་ཁག་བཙུགས་ཡོད། རུ་ཁག་ནང་གི་ན་གཞོན་རུ་མི་ཚོས་རྒྱུན་དུ་ལྗོངས་ཕྱི་ནང་དུ་འཁྲབ་སྟོན་བྱེད་པར་འགྲོ་བཞིན་ཡོད་པས་མཐོང་རྒྱ་དེ་བས་ཆེ་རུ་ཕྱིན་པ་དང་། འཇུ་བྲོ་འཁྲབ་སྟོན་དེ་འཇུ་གྲོང་ཚོས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།
【1】  【2】  【3】
༄༅།།རྒན་ཉི་མ་ལགས་ཀྱི་འཇུ་བྲོའི་ཕུགས་འདུན།