འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་18ཉིན།

༄༅༎2020ལོའི་ལོ་སྟོད་དུ་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་13ལ་ཆད་པ་བཅད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་17ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆད་པ་བཅད་པའི་མི་སྣ་འགན་རིམ་ལྟར་དབྱེ་པའི་པར་རིས།
རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆད་པ་བཅད་པའི་མི་སྣ་འགན་རིམ་ལྟར་དབྱེ་པའི་པར་རིས།
     མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2020ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ཐེངས་གྲངས་ཁྲི་143.1བསྡུ་ལེན་བྱས་པ་དང་། གནད་དོན་གྱི་ཁུངས་སྣེ་ཁྲི་80.7ཐག་གཅོད་བྱས་པ། གླེང་མོལ་དང་ཡིག་ཐོག་འདྲི་རྩད་ཐེངས་གྲངས་ཁྲི་17.8བྱས་པ། གྱོད་དོན་ཁྲི་28.6ཐོ་འགོད་བྱས་པ། མི་ཁྲི་24ལ་ཆད་པ་བཅད་(དེའི་ནང་མི་ཁྲི་20.8ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ)ཡོད། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་13དང་ཐིང་དང་ཅུས་རིམ་པའི་ལས་བྱེད་པ་1314།  རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་0.9།  ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་3.3།  ལས་བྱེད་པ་དཀྱུས་མ་ཁྲི་3.9།  གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་དག་ཁྲི་15.9བཅས་ལ་ཆད་པ་བཅད་ཡོད།
     2020ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་བཞིའི”སྐྱོན་བརྗོད་སློབ་གསོ་སྤྱད་དེ་མི་ཐེངས་ཁྲི་84.6ལ་རོགས་རམ་དང་ཐག་གཅོད་བྱས་ཡོད། དེའི་ནང་རྣམ་པ་དང་པོ་སྤྱད་དེ་མི་ཐེངས་ཁྲི་59.8ལ་སྐྱོན་བརྗོད་སློབ་གསོ་དང་རོགས་རམ་བྱས་ལ། དེས་མི་ཐེངས་བསྡོམས་འབོར་གྱི་70.7%བཟུང་ཡོད། རྣམ་པ་གཉིས་པ་སྤྱད་དེ་མི་ཐེངས་ཁྲི་19.2ཐག་གཅོད་བྱས་ལ། དེས་22.8%བཟུང་ཡོད། རྣམ་པ་གསུམ་པ་སྤྱད་དེ་མི་ཐེངས་ཁྲི་2.7ཐག་གཅོད་བྱས་ལ། དེས་3.2%བཟུང་ཡོད། རྣམ་པ་བཞི་པ་སྤྱད་དེ་མི་ཐེངས་ཁྲི་2.8ཐག་གཅོད་བྱས་ལ། དེས་3.3%བཟུང་ཡོད་པ་རེད།
རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་བཞི”སྤྱད་པའི་བསྡུར་ཚད་པར་རིས།
རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་བཞི”སྤྱད་པའི་བསྡུར་ཚད་པར་རིས།