འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་17ཉིན།

༄༅༎ཡུན་ནན་གྱི་ཡོམ་འགོག་ཁང་པའི་གྲངས་འབོར་རྒྱལ་ཡོངས་ཀྱི་50%ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་17ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཡུན་ནན་ཞིང་ཆེན་གྱིས་ཁང་པའི་ཡོམ་འགོག་ལག་རྩལ་ཉེར་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་ཁང་པའི་ཡོམ་འགོག་ལག་རྩལ་ཐད་ཀྱི་ས་གནས་ཀྱི་ཚད་གཞི་བཟོས་ནས་བཏོན་པ་དང་། ཡོམ་འགོག་ཁང་པ་སྟར་པ་4000ལྷག་ཙམ་བསྐྲུན་པ་དེ་རྒྱལ་ཡོངས་ཀྱི་བསྡོམས་འབོར་གྱི་50%ཙམ་ཟིན་པ། ཡོམ་འགོག་གི་སྒྲིག་བཀོད་དང་། ཐོན་རྫས་ཁང་པ། བརྟག་བཤེར་ཞིབ་དཔྱད། ཨར་པོ་དང་སྲུང་སྐྱོང་བཅས་ཀྱི་ལག་རྩལ་ཞབས་ཞུའི་མ་ལག་དང་ལྟ་འདོམས་མ་ལག་ཆ་ཚང་ཞིག་རགས་ཙམ་གྲུབ་ཅིང་། རྒྱལ་ཡོངས་སུ་སྔོན་ཐོན་གྱི་ཡོམ་འགོག་ལག་རྩལ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ཡོད།
     ཡུན་ནན་ནི་རང་རྒྱལ་གྱི་གཏོར་སྐྱོན་རང་བཞིན་གྱི་ས་ཡོམ་མང་བ་དང་། གནོད་འཚེ་མང་བ། གནོད་འཚེ་ཚབས་ཆེ་བ་བཅས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། དེ་སྔོན་ས་ཡོམ་བརྒྱབ་ནས་མི་སྣ་ཤི་རྨས་བྱུང་ཚད་དང་དཔལ་འབྱོར་གྱི་གྱོང་གུན་ཕོག་ཚད་ཀྱི་70%ཡན་ནི་ཁང་པ་བརྡིབས་པ་ལས་བྱུང་བ་ཞིག་ཡིན་པས། ཁང་པའི་ཡོམ་འགོག་ནུས་པ་ཆེ་རུ་གཏོང་རྒྱུ་ནི་ས་ཡོམ་གྱི་གནོད་འཚེ་ཆུང་དུ་གཏོང་བའི་འགག་རྩ་ཞིག་རེད། ཁང་པའི་ཡོམ་འགོག་ནུས་པ་ཆེ་རུ་གཏོང་བར་ཡོམ་འགོག་ལག་རྩལ་ལ་བརྟེན་ན་ཕན་འབྲས་མངོན་གསལ་དོད་པོ་ཐོན་གྱི་ཡོད། ཉེ་བའི་ལོ་ཤས་རིང་། ཡུན་ནན་གྱིས《ཡུན་ནན་ཞིང་ཆེན་གྱི་ཨར་པོའི་ལས་གྲྭའི་འགྱིག་རྩེག་ཡོམ་འགོག་སྐྱོར་སྟེགས་ནུས་པའི་བླང་བྱ་དང་ཞིབ་བཤེར་ཚད་གཞི》དང་། 《ཡུན་ནན་ཞིང་ཆེན་གྱི་ཨར་པོའི་ལས་གྲྭའི་འགྱིག་རྩེག་ཡོམ་འགོག་སྐྱོར་སྟེགས་ལས་རིམ་དང་ཞིབ་བཤེར་རྩིས་ལེན་ཚད་གཞི》སོགས་ས་གནས་ཀྱི་ཚད་གཞི་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་ཡོད། དེའི་ནང《ཡུན་ནན་ཞིང་ཆེན་གྱི་ཨར་པོའི་ལས་གྲྭའི་འགྱིག་རྩེག་ཡོམ་འགོག་སྐྱོར་སྟེགས་ལས་རིམ་དང་ཞིབ་བཤེར་རྩིས་ལེན་ཚད་གཞི》ནི་རྒྱལ་ནང་གི་འབྲེལ་ཡོད་ཚད་གཞི་ཐོག་མ་དེ་ཡིན་པས་དེས་རྒྱལ་ནང་གི་སྟོང་ཆ་བསྐངས་ཡོད།