འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་16ཉིན།

༄༅།།རྨ་ཆུའི་ཁུག་ཀྱོག་དང་པོའི་དྭངས་གཙང་གི་ཆུ་བོ་དང་སྔོ་ལྗང་གི་རྩྭ་ཐང་། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་16ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྨ་ཆུའི་ཁུག་ཀྱོག་དང་པོའི་དྭངས་གཙང་གི་ཆུ་བོ་དང་སྔོ་ལྗང་གི་རྩྭ་ཐང་།
   མི་དམངས་དྲ་བའི་འཕྲིན། ཀན་ལྷོར་མཚོ་བོད་མཐོ་སྒང་གི་རྒྱ་ཁྱོན་ཆེས་ཆེ་བ་དང་། གདོད་མ་དང་ཆ་ཚང་བའི་རང་བྱུང་འདམ་ར་ཡོད། རྒྱ་ཆེ་བའི་རྩྭ་ཐང་དང་ཁྱབ་ཆེ་བའི་འདམ་ར་ཡིས་རྨ་ཆུ་གསོ་སྐྱོང་བྱེད་བཞིན་ཡོད། ཀན་ལྷོ་ཡིས་རྨ་ཆུའི་འབབ་རྒྱུད་ཀྱི་4%ཡི་རྒྱ་ཁྱོན་བཟུང་བ་དང་། རྨ་ཆུའི་བཞུར་རྒྱུན་གྱི་བསྡོམས་འབོར་11%བཟུང་ནས་རྨ་ཆུའི་ཆུ་འགོའི་ཁུལ་གྱི་སྤྱིའི་བཞུར་ཚད་ཀྱི་58.7%བཟུང་བས་ཆུ་གསོག་འབེལ་པོ་ཡོད། ཡིན་ནའང་། རྨ་ཆུ་ཡུལ་དུ་“གནམ་འོག་གི་རྨ་ཆུའི་ཆུ་གསོག་རྫིང་བུ”ཞེས་འབོད་པའི་ཆུ་གསོག་རྫིང་བུ་དེ་སྐབས་ཤིག་རིང་ཆུང་དུ་ཕྱིན་ཡོད།
  ཏང་ཀྲུང་དབྱང་གིས་ཀན་ལྷོའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་དོ་ཁུར་ཆེན་པོ་བྱེད་པ་དང་། 2007ལོར་རྒྱལ་ཁབ་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་44.5བཏང་ནས་ཀན་སུའུ་ཡི་ཀན་ལྷོའི་རྨ་ཆུའི་ཆུ་འགོ་གལ་ཆེན་གྱི་སྐྱེ་ཁམས་ནུས་པའི་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་སྤེལ་འགོ་ཚུགས་པ་དང་། “རྨ་ཆུའི་ཁུག་ཀྱོག་དང་པོའི”རྨ་ཆུ་ཡུལ་ནི་སླར་ཡང་གསོན་ཉམས་རྒྱས་པ་གྱུར། 
   “རྨ་ཆུའི་རྣམ་གྲངས་”ལས་རྣམ་པ་གསར་པ་བསུས།  
    2019ལོའི་ཟླ་6པའི་བར། “རྨ་ཆུའི་རྣམ་གྲངས”ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་38.34ལེགས་སྒྲུབ་བྱས་པ་དེ་འཆར་གཞིའི་སྤྱིའི་མ་འཇོག་གི་བཅུ་ཆ་བརྒྱད་ལས་བརྒལ་ཡོད་པ་རེད། གནས་སྤོས་འབྲོག་པ་གཞིས་ཆགས་ལས་གྲྭ་དང་། ནོར་ལུག་རྒྱགས་གསོ་ཁུལ། རྩྭ་ཐང་གི་ཨ་བྲའི་གནོད་འཚེ་འགོག་བཅོས།  བྱེ་འགྱུར་རྩྭ་ཐང་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱས་པ་དང་། “རྨ་ཆུའི་རྩྭ་ཐང་བྱེ་འགྱུར་བྱེད་ཚད་བཀག་འགོག་མངོན་གསལ་ཐུབ་ཡོད།” རྨ་ཆུ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་རྣམ་གྲངས་ཀྱི་འགན་འཁུར་བ་མཱ་ཅན་ཡུན་གྱིས་གསར་འགོད་པར། ད་ལྟ། དངུལ་རྭ་ཤང་དངུལ་ཆུང་གྲོང་ཚོ་ནས་ཧོ་ཆུས་རྟ་ར་བར་གྱི་རྨ་ཆུའི་འགྲམ་རྒྱུད་ཀྱི་སྤྱི་ལེ་30ལྷག་ཙམ་གྱི་ཁྱབ་ཁོངས་ནང་བྱེ་ཕུང་ཆེན་པོ་ཕལ་ཆེར་མཐོང་རྒྱུ་མེད་ཅེས་བཤད། 
   “ས་མཐོའི་མུ་ཏིག”གིས་གོ་སྐབས་བསུས།  
   རྨ་ཆུ་སྲུང་སྐྱོང་བྱ་ཆེད། ཀན་ལྷོར་“རྨ་ཆུའི་རྣམ་གྲངས”གཅིག་པོ་མིན།
   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་འགྲོ་ལམ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
    “སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ”ནི་ཀན་ལྷོར་གྲགས་ཆེ་ཤོས་ཀྱི་འབོད་སྒྲ་ཞིག་ཡིན་། 
    2014ལོར་ཀན་ལྷོ་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་སྔོན་ཐོན་དཔེ་སྟོན་ཁུལ་ཁག་དང་པོར་གྱུར་པ་དང་།  2015ལོར་ཀན་ལྷོ་འདི་ཉིད་རྒྱལ་ཁབ་ཀྱི་གཙོ་ནུས་ཁུལ་འཛུགས་སྐྲུན་གྱི་ཚོད་ལྟའི་དཔེ་སྟོན་ཁུལ་དུ་གྱུར་ཡོད། 
    2015ལོ་ནས་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཆུ་བེད་ལས་གྲྭ་གལ་ཆེན་ཏེ། ཀན་སུའུ་རྨ་ཆུའི་ཆུ་གཞུང་གི་འབྲུབ་འགོག་བཅོས་སྒྲིག་ལས་གྲྭར་བརྟེན་ནས། རྨ་ཆུའི་དུམ་བུའི་ངོགས་གཉིས་བརྡིབས་པའི་ཆུ་ལམ་གཞི་ཁྱོན་ཆེན་པོས་བཅོས་སྒྲིག་བྱེད་འགོ་ཚུགས་ཡོད།
    རྨ་ཆུ་རྫོང་དངུལ་རྭ་ཤང་དངུལ་ཆུང་གྲོང་ཚོའི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ལའོ་ཏོ་ཡིས་གསར་འགོད་པར་བརྗོད་དོན། གྲོང་ཚོའི་ནང་གི་འབྲོག་པ་མང་པོའི་རྩྭ་ར་རྨ་ཆུའི་འགྲམ་དུ་ཡོད། ལོ་ལྟར་དབྱར་དུས་སུ། རྨ་ཆུའི་ཆུ་ཁ་རྒྱས་ནས། རྩྭ་ར་སྨི་5ནས་10བར་བརྡིབས་འགྲོ་གི་་ཡོད། དགུན་ཁར། རླུང་པོ་ལྡང་ནས་བརྡིབས་ཟིན་པའི་ཆུ་འགྲམ་བྱེ་འགྱུར་ཅན་གྱི་ས་ཆ་ཆགས་ཀྱི་ཡོད། 
    ད་ལྟ། ཆུ་འགྲམ་དུ་ངོགས་སྲུང་སྦྱར་རྩིག་ཡོད་པས། རྨ་ཆུས་ང་ཚོའི་ཁྱིམ་གཞིས་ལ་གནོད་འཚེ་གཏོང་བར་སྐྲག་དགོས་དོན་མེད་ཅེས་ལའོ་ཏོ་ཡིས་བཤད།
   བྱེ་བཅོས་རྩྭ་སྲུང་བྱས་ནས་རྨ་ཆུའི་ངོགས་གཉིས་སྔོ་ལྗང་དུ་སྒྱུར།
   ཀན་ལྷོའི་སྤྱིའི་རྒྱ་ཁྱོན་གྱི་བཅུ་ཆ་བདུན་ཡན་ནི་རང་བྱུང་རྩྭ་ཐང་ཡིན་ཞིང་། སྤྱི་ཆིང་ཁྲི་272.27ཡོད། ཡིན་ནའང་། དུས་གང་ཞིག་ལ་། “རྨ་ཆུའི་མཁལ་མ་”ཞེས་འབོད་པའི་རྨ་ཆུ་རྩྭ་ཐང་ཉམ་ཞན་དུ་ཕྱིན་པ་དང་། བྱི་བའི་གནོད་འཚེ་སྨྱོ་ཧམ་ཆེ་ཞིང་། བྱེ་འགྱུར་ཅན་དུ་འགྱུར་ཚད་ཆེ་བས་རྩྭ་ཐང་གིས་“ཐེག་ཐབས་བྲལ་བར་གྱུར”བ་དང་། རང་བྱུང་ཁམས་ཆེ་མོའི་ཆད་པ་གཅིག་རྗེས་གཉིས་མཐུད་ངང་ཕོག་ཡོད་པ་རེད།
    ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཉེ་བའི་ལོ་ཤས་རིང་། ཏང་དང་རྒྱལ་ཁབ་ཀྱིས་ཀན་ལྷོའི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོའི་ཁུལ་གྱི་རང་བྱུང་རྩྭ་ཐང་སྲུང་སྐྱོང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྔ་རྗེས་སུ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་བཀོད་སྒྲིག་དང་དོན་འཁྱོལ་བྱས་པ་དང་། ཕྱུགས་བཀག་རྩྭ་གསོ་དང་། བྱི་བའི་གནོད་འཚེ་ཕྱོགས་བསྡུས་འགོག་བཅོས། བྱེ་འགྱུར་ཕྱོགས་བསྡུས་བཅོས་སྐྱོང་། ཞིང་འབྲོག་སྣོལ་འདྲེས་རྒྱུད་ཀྱི་རྩྭ་ཐང་ཕྱོགས་བསྡུས་བཅོས་སྐྱོང་སོགས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་ཡོད།
    2013ལོའི་ཀན་ལྷོ་ཁུལ་གྱི་རྩྭ་ཐང་ཐོན་ཁུངས་ཡོངས་བཤེར་དབྱེ་ཞིབ་ཐེངས་གཉིས་པ་ལས། ཁུལ་ཡོངས་ཀྱི་རང་བྱུང་རྩྭ་ཐང་སྤྱི་ཆིང་ཁྲི་272.27ཁྲོད་ནས་ཧ་ལམ་བཅུ་ཆ་བརྒྱད་ཞན་འགྱུར་སོང་བ་དང་། བྱེ་འགྱུར་རྩྭ་ཐང་རྒྱ་ཁྱོན་སྤྱི་ཆིང་ཁྲི་5.33ཟིན་ཡོད།
   ནར་འགྱངས་ཡུད་ཙམ་ཡང་བྱེད་མི་རུང་བར་སྐྱོབ་དགོས། 2012ལོར་རྨ་ཆུ་རྫོང་གིས་བྱེ་འགྱུར་རྩྭ་ཐང་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་རེད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྐྱེ་ཁམས་ཀྱི་སྲིད་ཇུས་ཁག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་བསྟུན། ཀན་ལྷོའི་རང་བྱུང་རྩྭ་ཐང་སླར་གསོ་ནུས་ལྡན་བྱུང་ཞིང་། 2018ལོའི་ལོ་མཇུག་བར་ཀན་ལྷོ་ཁུལ་གྱི་རང་བྱུང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་96.87%ཟིན་ཞིང་། དེ་ནི་ལོ་10ཡི་གོང་དང་བསྡུར་ན་4.87%འཕར་ཡོད། ཁུལ་ཡོངས་ཀྱི་རྩྭ་ཐང་ཞན་འགྱུར་བྱེད་ཚད་འབྲིང་གྲས་ཡན་2004ལོ་ལས་བཅུ་ཆ་གསུམ་ཙམ་ཉུང་དུ་ཕྱིན་ཞིང་། སྤྱི་ཆིང་ཁྲི་154.2ཙམ་ལྷག་པ་དང་། ཁུལ་ཡོངས་ཀྱི་རྩྭ་ཐང་གི་ཆ་སྙོམས་རྩྭ་ཁ་ལྡབ་གཅིག་ཙམ་འཕར་བ་དང་རྩྭ་སོས་པའི་ཐོན་ཚད་བཅུ་ཆ་གསུམ་མཐོ་རུ་ཕྱིན་ཡོད།
    རྩྭ་ཐང་ཐོག་གི་རྩྭ་སྔོ་ལྗང་དུ་གྱུར་པ་དང་རྨ་ཆུའི་ནང་གི་ཆུ་དྭངས་སུ་ཕྱིན་པས་འབྲོག་པ་མང་ཚོགས་ཀྱི་འཚོ་བ་ལེགས་སུ་ཕྱིན་ཡོད། ཀན་ལྷོའི་རྩྭ་ཐང་ཐོག་རྨ་ཆུ་འཇམ་ཐིང་ཐིང་དུ་རྒྱུག་ཤིང་། “རྩྭ་ཁ་བཟང་ཞིང་ནོར་ལུག་རྒྱས་པའི”མཛེས་ལྗོངས་སླར་ཡང་མི་རྣམས་ཀྱི་མིག་ལམ་དུ་མངོན་ཡོད།
【1】  【2】
༄༅།།རྨ་ཆུའི་ཁུག་ཀྱོག་དང་པོའི་དྭངས་གཙང་གི་ཆུ་བོ་དང་སྔོ་ལྗང་གི་རྩྭ་ཐང་།