འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་16ཉིན།

༄༅༎ཡུན་ནན་ཞིང་ཆེན་སྤྱི་ཚོགས་རྩ་འཛུགས་ཀྱིས་སྒོར་དུང་ཕྱུར་4.4བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་16ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཡུན་ནན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོཌ་བྱུང་བར། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2019ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་སྤྱི་ཚོགས་རྩ་འཛུགས་ཀྱིས་ཐོན་ལས་དབུལ་སྐྱོར་དང་། སློབ་གསོའི་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། མང་ཚོགས་དབུལ་པོར་དོ་ཁུར་སོགས་ལ་དམིགས་ནས་རང་གྲབས་དང་ཚོགས་མིའི་ཁེ་ལས་སྐུལ་སློང་བྱས་པ་བརྒྱུད་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་4.4བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱས་པར་མི་འབོར་དབུལ་པོ་ཁྲི་42ལ་ཕན་པ་བསྐྲུན་ཡོད། དེའི་ནང་ཞིང་ཆེན་རིམ་པའི་སྤྱི་ཚོགས་རྩ་འཛུགས་ཀྱིས་དབུལ་སྐྱོར་རྣམ་གྲངས་156ལ་མ་དངུལ་སྒོར་དུང་ཕྱུར་3.2བཏང་ཡོད་པ་རེད།
     འདི་ལོ་ཡུན་ནན་ཞིང་ཆེན་རིམ་པའི་སྤྱི་ཚོགས་རྩ་འཛུགས་ཀྱིས་རང་ངོས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་གང་ལེགས་བྱས་ནས“ཁུལ་གསུམ་དང་ཀྲོའུ་གསུམ”དང་དབུལ་སྒྲོལ་འགག་སྒྲོལ་གྱི་མིང་སྦྱར་ལྟ་སྐུལ་རྫོང་ལ་དམིགས་ནས་གནད་སྨིན་རོགས་སྐྱོར་གྱི་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་པ་དང་། སྤྱི་ཕན་ཞབས་ཞུའི་སྒྲིག་བཀོད་ཁག་གཅིག་ལ་རོགས་སྐྱོར་བྱས་པ། སྤྱོད་གོ་ཆོད་པའི་རྩལ་ནུས་ཤེས་ལྡན་པ་ཁག་གཅིག་སྐྱེད་སྲིང་བྱས་པ། ཁྱིམ་ཚང་དབུལ་པོ་འགའ་ཞིག་ལ་དབུལ་སྒྲོལ་བྱེད་རོགས་བྱས་པ། སྤྱི་ཚོགས་རྩ་འཛུགས་ཀྱི་ཞབས་ཞུའི་ནུས་པ་ཁག་གཅིག་མཐོར་གཏོང་བྱས་པ། མཉམ་ལས་དཔེ་སྟོན་སྤུས་རྟགས་ཁག་གཅིག་བཏོད་པ་བཅས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རིང་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།