འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་8ཉིན།

༄༅༎ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་
སྐབས་དགུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་08ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་དགུ་པ་ཟླ་7ཚེས་6ཉིན་བརྙན་ལམ་རྣམ་པའི་ཐོག་ནས་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། 2018ལོར་ངས་ཀྲུང་ཨ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བརྒྱད་པའི་འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་ཨ་ཕྱོགས་གཉིས་པོས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ཀྲུང་ཨའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་གྲོས་འགོ་འདོན་རྒྱུ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པར་ཨ་རབ་རྒྱལ་ཁབ་ཀྱི་བརྡ་ལན་བཟང་པོ་ཐོབ་བྱུང་། ལོ་གཉིས་ནང་ཀྲུང་ཨ་ཕྱོགས་གཉིས་པོས་འཐབ་ཇུས་མཐུན་སྦྱོར་དང་བྱ་སྤྱོད་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་པས་ཕྱོགས་ཡོངས་མཉམ་ལས་དང་། ཐུན་མོང་འཕེལ་རྒྱས། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་ཀྱི་ཀྲུང་ཨའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་ཕྱིན་ཡོད་པ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་ལྟ་རེས་སྐྱོང་རེས་ཀྱིས་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་དང་མཉམ་ལས་དམ་ཟབ་བྱས་པ་དེ་ནི་ཀྲུང་ཨའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན། མིག་སྔའི་དུས་བབ་འོག་ཀྲུང་ཨ་ཕྱོགས་གཉིས་པོས་དེ་སྔའི་དུས་གང་རུང་ཞིག་ལས་མཉམ་ལས་ལ་ཤུགས་སྣོན་དང་། དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད། ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་བྱེད་དགོས། ཕྱོགས་གཉིས་པོས་ད་ཐེངས་ཀྱི་ཚོགས་འདུ་འཚོགས་པ་དེ་གོ་སྐབས་སུ་བྱས་ནས་འཐབ་ཇུས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་རིམས་འགོག་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་བཏང་སྟེ་ཀྲུང་ཨའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དེ་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་ཨའི་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་རྒྱུའི་རེ་བ་ཡོད།