འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་5ཉིན།

༄༅།།།འབྲུག་ཆུ་རྫོང་གི་གནད་སྨིན་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་རོགས་སྐྱོར་བྱ་ཡུལ་2013ལོའི་མི་ཁྲི་3.5ལྷག་
ཙམ་ནས་2019ལོའི་ལོ་མཇུག་གི་མི་983བར་ཉུང་དུ་ཕྱིན་ཡོད། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་05ཉིན། 12:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ནི་ཀན་སུའུ་འབྲུག་ཆུར་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཐོན་ནས་ལོ་བཅུ་འཁོར་བའི་ལོ་ཞིག་རེད། གསར་འགོད་པར་འབྲུག་ཆུ་རྫོང་དབུལ་སྒྲོལ་འགག་སྒྲོལ་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། འབྲུག་ཆུར་དབུལ་པོ་ཐོན་ཚད་2013ལོའི་29%ནས་2019ལོའི་ལོ་མཇུག་གི་0.83%བར་ཆག་ཡོད་པ་རེད།
   འབྲུག་ཆུ་ནི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཡིན་པ་མ་ཟད། ཤིན་ཏུ་དབུལ་བའི་ས་ཁུལ་ཡང་རེད། འབྲུག་ཆུ་རྫོང་གི་རྫོང་དཔོན་ཀུའོ་ཙེ་ཝུན་གྱིས་ལོ་བཅུའི་རིང་འབྲུག་ཆུ་རྫོང་གིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བློ་བརྟན་འགྱུར་མེད་ངང་དབུལ་སྒྲོལ་འགག་སྒྲོལ་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། འབྲུག་ཆུ་རྫོང་གི་གནད་སྨིན་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་རོགས་སྐྱོར་བྱ་ཡུལ་2013ལོའི་མི་ཁྲི་3.5ལྷག་ཙམ་ནས་2019ལོའི་ལོ་མཇུག་གི་མི་983བར་ཉུང་དུ་ཕྱིན་ཡོད། འདི་ལོའི་ལོ་འགོར་འབྲུག་ཆུ་རྫོང་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
   འབྲུག་ཆུ་རྫོང་ཀན་སུའུ་དང་སི་ཁྲོན་གྱི་འབྲེལ་མཚམས་སུ་གནས་པ་དང་རང་བྱུང་ཁོར་ཡུག་ཤིན་ཏུ་མཛེས་ཤིང་། འབྲུག་ཆུ་རྫོང་སྤོ་ཡུལ་གྲོང་རྡལ་སྔོ་རོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཤུའེ་ཏའེ་ཧྭ་ནི“བརྒྱད་ཅུའི་ནང་སྐྱེས”ཀྱི་བོད་རིགས་གྲོང་ཚོའི་ལས་བྱེད་པ་ཞིག་རེད། ཁོང་ཆུང་དུས་ནས་པ་ཕ་དང་མཉམ་དུ་ནགས་རིར་སྦྲང་ནོར་བུ་གསོ་མྱོང་ཡོད། 2013ལོར་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བྱས་རྗེས་ཁོང་གིས་སྦྲང་ནོར་བུ་གསོ་ཚགས་བྱེད་པའི་ཐོན་ལས་དེ་ཡུལ་མི་ཚོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་ཏུ་འགྱུར་བར་བྱེད་པའི་སེམས་ཐག་བཅད། ཤུའེ་ཏའེ་ཧྭ་ཡིས་གསོ་ཚགས་དུད་ཚང་གི་སྣེ་ཁྲིད་དེ་སི་ཁྲོན་སོགས་སུ་བསྐྱོད་ནས་སྦྲང་ནོར་བུའི་གསོ་ཚགས་ལག་རྩལ་གསར་པ་སྦྱོང་འགོ་ཚུགས་པ་དང་། པེ་ཅིང་དང་ཐེན་ཅིན་སོགས་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་དང་མཉམ་ལས་བྱས་ནས་སྤུས་རྟགས་ཅན་གྱི་གཉེར་སྐྱོང་བྱས་པར་ཁོང་ཚོའི་སྦྲང་རྩི་བྲིན་ཁ་རྒྱུག་པོ་བྱུང་ཡོད།
   “ང་ཚོས་ལོར་ཐོན་ཚད་ཏུན་100ཟིན་པའི་ཕ་ཡུལ་གྱི་སྦྲང་རྩི་ལས་སྣོན་ཁང་བསྐྲུན་ནས་དུད་ཚང་དབུལ་པོ་310དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུའི་སྣེ་ཁྲིད་བྱས་པ་ཡིན་ལ། གྲོང་ཚོ་18དང་མཉམ་དུ་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་བ་ཡིན”ཞེས་ཤུའེ་ཏའེ་ཧྭ་ཡིས་བཤད།
    ཐོན་རྫས་ཕྱིར་ཚོང་བྱས་པ་དང་དུས་མཚུངས། ས་གནས་འདི་གའི་ཡུལ་སྐོར་ལས་རིགས་ཀྱང་འཕེལ་རྒྱས་ཕྱིན་པ་རེད། གྲངས་གཞི་ལས་མངོན་པར། 2019ལོར་འབྲུག་ཆུ་རྫོང་གིས་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་ཁག་སོ་སོར་53%དང་60%འཕར་ཡོད་པ་དང་མང་ཚོགས་ཁག་གཅིག་གིས་ཡུལ་སྐོར་འཕེལ་རྒྱས་ལ་བརྟེན་ནས་དབུལ་སྒྲོལ་མངོན་འགྱུར་བྱུང་ཡོད་པ་རེད།