འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་4ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས“ཀྲུང་གོ་མི་དམངས་དང་བླངས་དམག་ཨ་འགོག་
ཁྲའོ་རོགས་ཆེད་རྒྱལ་ཁབ་ནས་ཕྱིར་བསྐྱོད་དེ་དམག་འཐབ་བྱས་ནས་ལོ་70འཁོར་བའི”དྲན་གསོའི་རྟགས་མ་སྤྲོད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་04ཉིན། 11:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་2ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ནི་ཀྲུང་གོ་མི་དམངས་དང་བླངས་དམག་ཨ་འགོག་ཁྲའོ་རོགས་ཆེད་རྒྱལ་ཁབ་ནས་ཕྱིར་བསྐྱོད་དེ་དམག་འཐབ་བྱས་ནས་ལོ་70འཁོར་བའི་ལོ་ཡིན་པར་བརྟེན། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་མིང་ཐོག་ནས“ཀྲུང་གོ་མི་དམངས་དང་བླངས་དམག་ཨ་འགོག་ཁྲའོ་རོགས་ཆེད་རྒྱལ་ཁབ་ནས་ཕྱིར་བསྐྱོད་དེ་དམག་འཐབ་བྱས་ནས་ལོ་70འཁོར་བའི”དྲན་གསོའི་རྟགས་མ་སྤྲོད་རྒྱུ་ཡིན་པ་རེད།
   ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་འགན་འཁུར་བས“ཀྲུང་གོ་མི་དམངས་དང་བླངས་དམག་ཨ་འགོག་ཁྲའོ་རོགས་ཆེད་རྒྱལ་ཁབ་ནས་ཕྱིར་བསྐྱོད་དེ་དམག་འཐབ་བྱས་ནས་ལོ་70འཁོར་བའི”དྲན་གསོའི་རྟགས་མ་དེ་གཤམ་གྱི་ཆ་རྐྱེན་དང་མཐུན་པའི་མི་སྣར་སྤྲོད་རྒྱུ་ཡིན་པ་སྟེ། 
   —— ཨ་འགོག་ཁྲའོ་རོགས་ཆེད་རྒྱལ་ཁབ་ཕྱིར་བསྐྱོད་དེ་དམག་འཐབ་ནང་ཞུགས་མྱོང་བ་དང་ད་ལྟ་འཚོ་བཞུགས་གནང་བཞིན་པའི་དང་བླངས་པའི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་དང་།
   —— རྒྱལ་ཁབ་ཕྱིར་བསྐྱོད་དེ་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ཆེད་ཞབས་འདེགས་ཞུ་མྱོང་བ་དང་ད་ལྟ་འཚོ་བཞུགས་གནང་བཞིན་པའི་སྨན་པ་དང་། ལྕགས་ལམ། སྐྱེལ་འདྲེན། སྐད་སྒྱུར་བཅས་དང་། དམག་མཚམས་འཇོག་པའི་གྲོས་མོལ་ནང་ཞུགས་མྱོང་བའི་ལས་དོན་མི་སྣ་དང་དེ་བཞིན་ཡུལ་དམག་དང་། ལས་མི། གསར་འགྱུར་གསར་འགོད་པ། རྩོམ་པ་པོ། པར་རྒྱག་སོགས་ཀྱི་མི་སྣ།
    —— 1953ལོའི་ཟླ་7པར་དམག་མཚམས་བཞག་རྗེས་ནས་1958ལོའི་ཟླ་10པའི་བར་དང་བླངས་དམག་ཚང་མ་ཁྲའོ་ཞན་ནས་ཕྱིར་འཐེན་བྱེད་རིང་ཁྲའོ་ཞན་དུ་ཐོན་སྐྱེད་འཛུགས་སྐྲུན་སླར་གསོར་རོགས་རམ་བྱེད་མྱོང་མཁན་དང་ད་ལྟ་འཚོ་བཞུགས་གནང་བཞིན་པའི་མི་སྣ།
    2020ལོའི་ཟླ་1ཚེས་1ཉིན་རྗེས་སུ་སྐུ་གཤེགས་པ་ཡང་ད་ཐེངས་དྲན་གསོའི་རྟགས་མ་སྤྲོད་པའི་ཁྱབ་ཁོངས་ནང་བཞག་ཡོད་པ་བཅས་ངོ་སྤྲོད་བྱས་བྱུང་།