འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་3ཉིན།

༄༅༎ལེན་ཤོག་གཅིག་གིས་གྲོང་ཚོ་གཅིག་ལ་རོགས་རམ་བྱས་ནས་བདེ་སྐྱིད་ལྡན་པའི་མཁའ་ལམ་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་03ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ▲ 2020ལོའི་ལོ་འགོ་བར། བོད་དམག་ཁུལ་ཁང་གི་རིམ་ཁག་གིས་རིམ་རྩིས་ལྟར་ན་གྲོན་དངུལ་སྒོར་3500ལྷག་ཙམ་བཏང་བ་དང་། དབུལ་སྐྱོར་རྣམ་གྲངས་70ལྷག་ཙམ་བསྐྲུན་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་636དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བཅས་བྱས་པས། ཞིང་འབྲོག་པ་སྟོང་ཕྲག་ལྷག་ཙམ་ཕྱུག་འགྱུར་གྱི་མྱུར་ལམ་ཐོག་སྐྱོད་ཐུབ་པ་བྱུང་ཡོད།
     དམངས་ཕན་འདུ་འགོད་ཀྱིས་ཕྱུག་འགྱུར་ལམ་བུར་སྐྱོད་པར་རམ་འདེགས་བྱས་པ།
     དབྱར་ཟླ་འབྲིང་བའི་མཚན་མོར། བོད་ལྗོངས་རྫ་ཡུལ་རྫོང་དུང་ཆུང་གྲོང་ཚོའི་ཏེང་པ་བས་གླུ་ལེན་གར་འཁྲབ་བྱས་ཏེ། གསར་དུ་བསྐྲུན་པའི་གྲོང་ཚོའི་འཕྲོད་བསྟེན་ཁང་སྐྲུན་མཇུག་འགྲིལ་བར་རྟེན་འབྲེལ་ཞུས་པ་རེད། 2018ལོ་ཚུན་དུ། བོད་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཞིག་གིས“ལེན་ཤོག་གཅིག་གིས་གྲོང་ཚོ་གཅིག་ལ་རོགས་རམ་བྱེད་པའི”བྱ་ཐབས་གཞིར་བཟུང་། དང་ཐོག་ལེན་ཤོག་རུ་ཁག་གི་ཏང་ཀྲི་པུའི་ཧྲུའུ་ཅི་རྒན་པ་དང་གཞོན་པས་གྲོང་ཚོ་ཏང་ཀྲི་པུའི“རོགས་སྐྱོར་ཧྲུའུ་ཅིའི”འགན་ཁུར་ནས། ཁོང་ཚོར་ཚེ་སྲོག་དང་བདེ་ཐང་སྲུང་སྐྱོང་དང་གཞི་ཁྱོན་ལྡན་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་པ་རེད།
     ཉེ་བའི་ལོ་ཤས་རིང་། དམག་ཁུལ་ཁང་གི་དཔུང་སྡེས་སྔ་རྗེས་སུ་བོད་རིགས་ས་ཁུལ་གྱི་གྲོང་ཚོ་དབུལ་པོ་130དང་ཆ་སྒྲིག་རོགས་སྐྱོར་བྱས་ཏེ། “ལག་རྩལ་དང་། སློབ་གསོ། རིག་གནས། བཅའ་ཁྲིམས། བདེ་ཐང་བཅས་གཤམ་སྤེལ”སོགས་ཀྱི་དམངས་གཅེས་དམངས་རོགས་ཀྱི་བྱེད་སྒོ་སྤེལ་ནས། བཅའ་སྡོད་བྱེད་ཡུལ་གྱི་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་མཁའ་ལམ་བསྐྲུན་པ་རེད།
     དམག་ཁུལ་ཁང་གི་དཔུང་སྡེས་དམངས་ཕན་འདུ་འགོད་རབ་དང་རིམ་པ་ལག་ལེན་བསྟར་ནས། བཅའ་སྡོད་བྱེད་ཡུལ་གྱི་མང་ཚོགས་ཚོར་འབབ་འཕར་ཡོང་ཐབས་བྱས་པ་རེད།
     — རྨང་གཞི་བརྟན་དུ་གཏོང་བའི་འདུ་འགོད་བསྐྲུན་ཞིང་། དམག་ཁུལ་ཁང་གི་རིམ་པ་ཁག་གིས་བཅའ་སྡོད་བྱེད་ཡུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། ཤང་དང་གྲོང་ཚོ་དབུལ་པོ་24ལ་འགྲོ་ལམ་སྤྱི་ལེ་180ལྷག་ཙམ་དང་བདེ་འཇགས་འཐུང་ཆུའི་ལས་གྲྭ་ཁག་70ལྷག་ཙམ་བསྐྲུན་རོགས་བྱས་ནས། རོགས་སྐྱོར་བྱེད་ཡུལ་གྲོང་ཚོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ནུས་ལྡན་སྒོ་ནས་ཇེ་ལེགས་སུ་བཏང་བ་རེད།
     — ཐོན་ལས་སྤུས་རྟགས་ཀྱི་འདུ་འགོད་བསྐྲུན་ཞིང་། ཁྲོན་བོད་ལམ་ཐིག་དང་མཚོ་བོད་ལམ་ཐིག་གི་ལམ་རྒྱུད་དུ། དཔོན་དམག་ཚོས་འགྲིམ་འགྲུལ་འགྲོ་ལམ་ལས་བྱུང་བའི་ཁྱབ་འགྱེད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། “གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག་དང་ཤང་གཅིག་ལ་ཐོན་ལས་གཅིག”གི་དབུལ་སྐྱོར་དཀའ་སེལ་བྱ་ཐབས་སྤྱད་པ་དང་། མང་ཚོགས་ལ་ཁྱད་ལྡན་ཡུལ་སྐོར་དང་ཁྱད་ལྡན་ཐོན་རྫས་ལས་སྣོན་ཐོན་ལས་འཕེལ་རྒྱས་གཏོང་དགོས་པའི་ཁྲིད་སྟོན་བྱས་པས། མང་ཚོགས་ལ་ཡོང་འབབ་ལྡབ་འཕར་བྱུང་ཡོད་པ་རེད།
     — ལག་རྩལ་དཔེ་སྟོན་གྱི་འདུ་འགོད་བཏོད་ཅིང་། ཆབ་མདོ་དང་ནག་ཆུ་སོགས་ཀྱི་ཐག་རིང་ལུང་ཁུག་གྲོང་ཚོར། དཔོན་དམག་གིས་གྲོང་ཚོ་དབུལ་པོ་4དང་ཆ་སྒྲིག་རོགས་སྐྱོར་བྱས་ནས། མ་དངུལ་བཏང་སྟེ་མང་ཚོགས་ལ་གསོ་ཚགས་ལས་རིགས་དང་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱས་ཡོད།
     ཆ་སྒྲིག་སློབ་སྐྱོར་བྱས་ཏེ་དབུལ་སྒྲོལ་གྱི་རེ་བ་གསར་པ་སྦྱིན་པ།
     ལོ་འདི་དག་རིང་། བོད་དམག་ཁུལ་ཁང་གིས“ཁྲ་ཕྲུག་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རོགས་དངུལ་སྤྲོད་པའི་བྱ་སྤྱོད”རྒྱ་ཁྱབ་ངང་སྤེལ་ཞིང་། སྐྱེལ་འདྲེན་གྱི་ལས་འགན་སྒྲུབ་པ་དང་ཟུང་འབྲེལ་བྱས་ཏེ་གཞུང་ལམ་རྒྱུད་ཀྱི་སློབ་གྲྭར་རིན་ཐང་སྒོར་ཁྲི་100ལྷག་ཙམ་རི་བའི་དཔེ་དེབ་དང་། གྱོན་ཆས། རིག་གནས་ལུས་རྩལ་ཡོ་བྱད་བཅས་སྤྲད་པ་དང་། སྔ་རྗེས་སུ་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་བོད་རིགས་སློབ་མ་1700ལྷག་ཙམ་ལ་རོགས་དངུལ་སྤྲད་དེ་ཁོང་ཚོ་བདེ་བླག་ངང་སློབ་གྲྭ་ཐོན་རྒྱུར་རོགས་རམ་བྱས་ཡོད།
     “རྩལ་ནུས་གསོ་སྦྱོང་བྱས་ན་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ། སློབ་སྐྱོར་སློབ་དར་དེ་ཕུགས་ཕན་གྱི་འཆར་གཞིར་བརྩི་ཆོག”ཅེས་བོད་དམག་ཁུལ་ཁང་ཏང་ཨུད་ཀྱིས་སློབ་གསོའི་ལས་དོན་ལ་རོགས་སྐྱོར་བྱེད་རྒྱུ་དེ་ས་གནས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རོགས་རམ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་པ་དང་། ཐོན་ཡན་གྱི་ལས་བྱེད་པའི་ཁྲོད་ཆ་སྒྲིག་སློབ་སྐྱོར་བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་དཔུང་སྡེ་དང་བཅའ་སྡོད་བྱེད་ཡུལ་སློབ་གྲྭ་70ཡི་དབར“ཆ་སྒྲིག་སློབ་སྐྱོར”བྱེད་རྒྱུར་མཛུབ་ཁྲིད་བྱས་ཡོད།
     ཁྲོན་བོད་དམག་ཚུགས་པུའུ་འབའ་ཐང་དམག་ཚུགས་ཆེ་མོ་དང་འབའ་ཐང་རྫོང་མཐུན་སྒྲིལ་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་དབར་ཆ་སྒྲིག་མཉམ་སྐྲུན་བྱས་ཏེ། ལོ་མང་རིང་། སྔ་རྗེས་སུ་བོད་རིགས་སློབ་མ་100ལྷག་ཙམ་ལ་རོགས་དངུལ་སྤྲད་དེ་ཁོང་ཚོ་བདེ་བླག་ངང་སློབ་གྲྭ་ཐོན་རྒྱུར་རོགས་རམ་བྱས་ཡོད། སློབ་མ་དེ་དག་སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལོག་པས། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་རམ་འདེགས་བྱས་ཡོད།
     ཏང་འཛུགས་སྐྱོང་ལ་རོགས་རམ་བྱས་ཏེ་མང་ཚོགས་དཀའ་གནད་ལས་སྒྲོལ་རོགས་བྱས་པ།
     ཟླ་4པའི་ཟླ་མཇུག་ཏུ། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཆུ་མགོ་རི་མོ་གྲོང་ཚོའི་ཏང་ཀྲི་པུའི་ཁོངས་མི་རྣམས་ལས་བྲེལ་གྱིས་ཁེངས་པ་སྟེ། ཉེ་འགྲམ་གྱི་གྲོང་ཚོའི་ཏང་ཡོན་ལས་བྱེད་པའང་གཅིག་མཇུག་གཉིས་མཐུད་ངང“སྐད་གྲགས་ཆེ་བའི་ཏང་ཀྲི་པུའུ”དེ་གར་སློབ་སྦྱོང་ལ་ཡོང་བ་རེད། གངས་རིའི་ཁྲོད་དུ་གནས་པའི་གྲོང་ཚོ་དབུལ་པོ་ནས་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བར། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒྱལ་པོས། དེ་ནི་བཅའ་སྡོད་དཔུང་སྡེས་རོགས་རམ་ཤུགས་ཆེན་བྱས་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་ལས་བྱུང་བ་ཞིག་རེད་ཅེས་བརྗོད།
     ལོ་གཉིས་གོང་། ཆུ་མགོ་རི་མོ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་59ཡི་མི་261ནི། དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་གི་དཀའ་གནད་ཆེ་ཤོས་ཤིག་རེད།
     སྔོན་མ་བོད་དུ་སྐྱོད་པའི་ལམ་བུ་དེར་ད་ཆ་དབུལ་སྒྲོལ་གྱི་དར་དམར་ལྷབ་ལྷུབ་ཏུ་གཡོ། 2020ལོའི་ལོ་འགོ་བར། བོད་དམག་ཁུལ་ཁང་གི་རིམ་པ་ཁག་གིས་རིམ་རྩིས་ལྟར་ན་མ་དངུལ་སྒོར་3500ལྷག་ཙམ་བཏང་བ་དང་། དབུལ་སྐྱོར་རྣམ་གྲངས་70ལྷག་ཙམ་བསྐྲུན་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་636དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བཅས་བྱས་པས། ཞིང་འབྲོག་པ་སྟོང་ཕྲག་ལྷག་ཙམ་ཕྱུག་འགྱུར་གྱི་མྱུར་ལམ་ཐོག་སྐྱོད་ཐུབ་པ་བྱུང་ཡོད།