མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཕུའུ་ཏན་སློབ་ཆེན་གྱི་གཞོན་ནུ་དགེ་སློབ་ཏང་ཡོན་ལ་འཕྲིན་ལན་སྤྲིངས་ནས་རྒྱ་ཆེའི་ཏང་ཡོན་ཚོས་
ཐོས་བསམ་མྱོང་རྟོགས་བྱེད་རིང་ཕུགས་བསམ་དང་དད་སེམས་བརྟན་པོ་དང་འབད་འབུངས་ཆེར་བསྐྱེད་བྱེད་
རིང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དགོས་པའི་སྐུལ་མ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་02ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་ཕུའུ་ཏན་སློབ་ཆེན་གྱི《གུང་ཁྲན་ཏང་གི་བསྒྲགས་གཏམ》འགྲེམས་སྟོན་ཁང་གི་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་ཚང་མར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་ཕུགས་བསམ་དང་དད་སེམས་སྐོར་གྱི་གཏམ་རྒྱུད་མུ་མཐུད་ཡག་པོ་ཤོད་པ་དང་འབྲེལ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལྷག་པར་དུ་གཞོན་ནུ་ཏང་ཡོན་ལ་ཐུགས་རེ་ཟབ་མོ་བཅོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། ལོ་100ཡི་གོང་དུ་བློ་མཐུན་ཁྲེན་དབང་ཏའོ་ཡིས་རྒྱ་ཡིག་གི་ཆ་ཚང་བའི《གུང་ཁྲན་ཏང་གི་བསྒྲགས་གཏམ》ཐོག་མ་དེ་ཡིག་སྒྱུར་བྱས་ཏེ་ཕུགས་བསམ་ལྡན་པའི་མི་སྣ་འབོར་ཆེན་ཞིག་ལ་གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་ཆེན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་པ་དང་མི་རིགས་བཅིངས་འགྲོལ་དང་དར་རྒྱས་ཀྱི་བྱ་གཞག་ཁྲོད་ཞུགས་རྒྱུར་ནུས་པ་གལ་ཆེན་བཏོན་ཡོད། ད་ཆ་ཁྱེད་ཚོས་སློབ་སྤྱི་བགྲེས་སོང་བློ་མཐུན་ཁྲེན་དབང་ཏའོ་ཡི་བདེན་དོན་དོན་གཉེར་གྱི་གཏམ་རྒྱུད་སྒྲོག་འགྲེལ་ཧུར་ཐག་བྱེད་པ་དང་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཁྱབ་སྤེལ་གཏོང་རྒྱུ་དེ་ནི་དོན་སྙིང་ཧ་ཅང་ཆེ་བའི་བྱ་བ་ཞིག་རེད། རེ་བར་ཁྱེད་ཚོས་མུ་མཐུད་སྒྲུབ་པ་དང་དེ་བས་ཡག་པོ་སྒྲུབ་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སེམས་ནང་ཡིད་ཆེས་ཡོད་གྱུར་ན། ཕུགས་ཀྱི་བྱ་བ་སྒྲུབ་པར་ནུས། འབྱུང་འགྱུར་ལ་ཕྱོགས་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་བསྐྱོད་པར་ང་ཚོས་ཕུགས་བསམ་དད་སེམས་དེ་བས་བརྟན་པོ་དང་སྙིང་སྟོབས་ཆེན་པོས་འབད་འབུངས་བྱེད་དགོས། རེ་བར་རྒྱ་ཆེའི་ཏང་ཡོན་དང་ལྷག་པར་དུ་གཞོན་ནུ་ཏང་ཡོན་གྱིས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ནན་ཏན་བྱས་ཏེ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་སློབ་སྦྱོང་ཟུང་འབྲེལ་བྱས་ནས་ཐོས་བསམ་མྱོང་རྟོགས་བྱེད་རིང་ཕུགས་བསམ་དད་སེམས་བརྟན་པོ་དང་འབད་འབུངས་ཆེར་བསྐྱེད་བྱེད་རིང་ཐོག་མའི་བསམ་འདུན་ལག་ལེན་བསྟར་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཧུར་ཐག་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

  
style="display:none;"