འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་2ཉིན།

༄༅།།ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གྲངས་འཛིན་ཚོང་དོན་གཟའ་འཁོར་སྐབས་དང་པོའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་02ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གྲངས་འཛིན་ཚོང་དོན་གཟའ་འཁོར་སྐབས་དང་པོའི་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་10ཡི་སྲིད་གཞུང་གི་རྩ་འཛུགས་དང་སྒྲིག་གཞིས་དྲ་ཐོག་གི“སྤྲིན་ཚོམ་འགོ་ཚུགས”མཛད་སྒོར་ཞུགས་པ་རེད།
    ཀྲུང་གོ་རྒྱལ་སྤྱིའི་ཚོང་ཚོགས་ཀྱི་དྲུང་ཆེ་ཡུས་ཅན་ལུང་གིས་གཏམ་བཤད་སྤེལ་སྐབས་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་ནི་ཡུན་རིང་གི་ལམ་བུ་ཞིག་ཡིན། ཀྲུང་གོ་འདི་ཉིད་ལོ་བཅུ་གྲངས་བསྟུད་མར་ཨ་ཧྥེ་རི་ཁའི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད། 2019ལོར་ཀྲུང་ཧྥེའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་2000ལས་བརྒལ་ཡོད། “གོ་སྐབས་དང་འགྲན་སློང་གསར་པའི་མདུན་དུ་ཀྲུང་ཧྥེ་གཉིས་ཀྱིས་དེ་སྔའི་དུས་སྐབས་གང་ཞིག་ལས་ལྷག་པའི་སྒོ་ནས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད། དགེ་མཚན་ལྡན་ལ་སྒོ་དབྱེའི་ཚོང་དོན་དང་མ་འཇོག་མཉམ་ལས་ལས་ཀྲུང་གོ་དང་ཨ་ཧྥེ་རི་ཁར་གཉིས་ཁེ་གཉིས་ཕན་སྔར་ལས་ལྷག་པ་ཡོང་རྒྱུ་ང་ཚོར་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།