འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་2ཉིན།

༄༅།།ཐེ་ལན་གྱི་ཙུང་ལི་པཱ་ཡུས་ཀྱིས་ཀྲུང་གོས་སླར་ཡང་རིམས་འགོག་དངོས་རྫས་ཞལ་འདེབས་བརྒྱབ་པར་ཐུགས་
རྗེ་ཆེ་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་02ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པང་ཁོག་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན། ཀྲུང་གོ་སྲིད་གཞུང་གིས་ཐེ་ལན་ལ་རོགས་སྐྱོར་བྱས་པའི་རིམས་འགོག་དངོས་རྫས་ཁག་གཉིས་པའི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་དེ་ཐེ་ལན་གྱི་ཙུང་ལིའི་ལས་ཤག་ཏུ་འཚོགས་ཤིང་། ཐེ་ལན་གྱི་ཙུང་ལི་པཱ་ཡུས་ཀྱིས་ཐེ་ལན་ཕྱོགས་ཀྱི་ཚབ་ཞུས་ཏེ་དངོས་རྫས་རྩིས་བླངས་པ་དང་འབྲེལ་ཀྲུང་གོས་ཐེ་ལན་ལ་རིམས་འགོག་བྱེད་རོགས་བྱས་པར་ཐུགས་རྗེ་ཆེའང་ཞུས་པ་རེད།
    ཀྲུང་གོ་སྲིད་གཞུང་གིས་ཐེ་ལན་ལ་རོགས་སྐྱོར་བྱས་པའི་རིམས་འགོག་དངོས་རྫས་ཁག་གཉིས་པའི་ནང་ཁ་རས་དང་། བརྟག་དཔྱད་ཚོད་ལྟའི་སྨན་རྫས། འགོག་སྲུང་གྱོན་ཆས་བཅས་ཚུད་ཡོད།
    པཱ་ཡུས་ཀྱིས་ཀྲུང་གོ་སྲིད་གཞུང་གིས་ཐེ་ལན་ལ་སླར་ཡང་རིམས་འགོག་བྱེད་རོགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོའི་རིམས་འགོག་གི་ཕན་འབྲས་ལ་བསྔགས་བརྗོད་བྱས་པ་མ་ཟད། རྒྱལ་ཁབ་གཉིས་པོའི་རིམས་འགོག་མཉམ་ལས་ལ་གདེང་འཇོག་གང་ལེགས་ཀྱང་བྱས་པ་རེད།
    ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་དབྱང་ཤིན་གྱིས་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ཏེ་དངོས་རྫས་དེ་དག་ཐེ་ལན་ཕྱོགས་ལ་དངོས་སུ་རྩིས་སྤྲད་ཅིང་། དབྱང་ཤིན་གྱིས་ཀྲུང་ཐེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་སྔ་སྣུར་དུ་ཀྲུང་གོ་སྲིད་གཞུང་གིས་ཐེ་ལན་ལ་རིམས་འགོག་དངོས་རྫས་ཁག་གཉིས་པ་ཞལ་འདེབས་བརྒྱབ་པ་དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་ཕྱོགས་གང་མགྱོགས་རིམས་ནད་ལས་རྣམ་པར་རྒྱལ་རྒྱུར་རྒྱབ་སྐྱོར་བརྟན་པོ་དང་ལྷག་བསམ་རྣམ་དག་གི་སྨོན་འདུན་ཞུ་ལུགས་མཚོན་པར་བྱས་ཡོད་ཅེས་བརྗོད།