འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་2ཉིན།

༄༅།།མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཝང་ལི་ཡི་གྱོད་གཞི་ཁྲིམས་བཞིན་གཞུང་གཏུག་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་02ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་ཀྱི་དེ་སྔའི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་། སྐོར་གཟིགས་པ། ཅུས་ཀྲང་གཞོན་པ(ཐིང་རིམ་པ་རྒན་པ)བཅས་ཡིན་པའི་ཝང་ལི་ཡིས་གཞུང་རྒྱུ་ཧམ་བཟས་ཀྱི་ནག་ཉེས་དང་། ལྐོག་རྔན་བླངས་པའི་ནག་ཉེས། གཞུང་དངུལ་སྒེར་སྤྱོད་ཀྱི་ནག་ཉེས། གཞུང་ཁོངས་ཁེ་ལས་ཀྱི་མི་སྣས་འགན་དབང་རང་དགར་སྤྱད་པའི་ནག་ཉེས། རྒྱུ་ནོར་ཕོན་ཆེན་གྱི་ཡོང་ཁུངས་ཁ་མི་གསལ་བའི་ནག་ཉེས་བཅས་བསགས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་དོ་དམ་མངའ་ཁོངས་དམིགས་འཛུགས་བྱས་པ་བརྒྱུད། མཚོ་ཤར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་མཚོ་ཤར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཁྲིམས་བཞིན་གཞུང་གཏུག་བརྒྱབ་པ་རེད།
    ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་བརྒྱབ་པར་ཞིབ་བཤེར་བྱེད་པའི་མཚམས་སུ། ཞུ་སྦྱོར་ཕྱི་མ་ཝང་ལི་ལ་གཏུག་བཤེར་དབང་ཆ་ལྡན་ཡོད་ཅེས་ཁྲིམས་བཞིན་གསལ་བཤད་བྱས་པ་དང་། ཞུ་སྦྱོར་ཕྱི་མར་ཁྲིམས་བཞིན་འདྲི་རྩད་བྱས་པ་མ་ཟད། ད་དུང་དག་འབུད་པའི་བསམ་འཆར་ཡང་ཉན་པ་རེད། མཚོ་ཤར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་སྦྱོར་ཕྱི་མ་ཝང་ལི་ཡིས་ཟི་ལིང་གྲོང་ཁྱེར་ཚོང་ལས་དངུལ་ཁང་གི་ཧང་ཀྲང་དང་ཏུང་ཧྲི་ཀྲང་གི་འགན་འཁུར་རིང་། མཚོ་སྔོན་དངུལ་ཁང་གི་ཏུང་ཧྲི་ཀྲང་དང་ཧང་ཀྲང་གི་ལས་འགན་གྱི་སྟབས་བདེ་སྤྱད་ནས་སྤྱི་པའི་རྒྱུ་ནོར་ལྐོག་བཟའ་བྱས་པའི་གྲངས་འབོར་ཧ་ཅང་ཆེ་བ་དང་། མི་གཞན་ལ་ཁེ་ཕན་གཏོད་ཐབས་བྱས་པ་དང་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བླངས་པའི་གྲངས་འབོར་ཆེས་མང་བ། གཞུང་དངུལ་སྒེར་སྤྱོད་བྱས་ཏེ་ཁེ་ཕན་གཉེར་བའི་གནས་ཚུལ་ཚབས་ཆེ་བ། ལས་གནས་ཀྱི་དབང་ཆ་གང་བྱུང་དུ་སྤྱད་དེ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གྱོང་གུན་ཤིན་ཏུ་ཆེན་པོ་བཟོས་པ། དེའི་རྒྱུ་ནོར་དང་གཏོང་སྒོ་ཁྲིམས་མཐུན་ཡོང་འབབ་ལས་མངོན་གསལ་དོད་པོས་བརྒལ་བ་དང་ཧེ་བག་ཤིན་ཏུ་ཆེ་བ་མ་ཟད། ད་དུང་ཡོང་ཁུངས་ཁ་གསལ་པོ་མེད་པ་བཅས་ལ་བརྟེན་ནས་གཞུང་རྒྱུ་ཧམ་བཟས་ཀྱི་ནག་ཉེས་དང་། ལྐོག་རྔན་བླངས་པའི་ནག་ཉེས། གཞུང་དངུལ་སྒེར་སྤྱོད་ཀྱི་ནག་ཉེས། གཞུང་ཁོངས་ཁེ་ལས་ཀྱི་མི་སྣས་འགན་དབང་རང་དགར་སྤྱད་པའི་ནག་ཉེས། རྒྱུ་ནོར་ཕོན་ཆེན་གྱི་ཡོང་ཁུངས་ཁ་མི་གསལ་བའི་ནག་ཉེས་བཅས་ཐོག་ནས་དེའི་ཉེས་དོན་འགན་འཁྲི་ཁྲིམས་ལྟར་རྩད་གཅོད་བྱ་རྒྱུའི་ཉེས་བགྲང་ཞུ་གཏུག་བརྒྱབ་པ་རེད།