འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་1ཉིན།

༄༅༎སི་ཁྲོན་གྱི་ས་ཆ་འདི་དག་གིས་ཆུ་ལོག་ལ་མཉམ་འཇོག་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་01ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་30ཉིན་གསར་འགོད་པས་སི་ཁྲོན་ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་6ཚེས་30ཉིན་གྱི་ཆུ་ཚོད་20ནས་ཟླ་7ཚེས་1ཉིན་གྱི་ཆུ་ཚོད་20བར་ཨན་གཡོད་དང་། ཙི་ཀྲུང་། ཝུའེ་ཡོན། ཅང་ཨན། ན་ཤིས། རེན་ཧོ། ཧུའེ་ལི། ཧུའེ་ཏུང་། གསེར་རྟ། འཛམ་ཐང་། རྔ་བ་སོགས་རྫོང་(གྲོང་ཁྱེར་དང་ཆུས)ལ་ཆུ་ལོག་གི་གནོད་འཚེ་ཐོན་སྲིད། 
     བཀོད་འདོམས་པུའུ་ཡིས་ཉེན་བརྡའི་ས་ཁོངས་ལ་གནམ་གཤིས་སྔོན་བརྡ་དང་། ཆར་པ་འབབ་ཚད། ཉེན་ཁ་ཡོད་ཁུལ་བཅས་ཀྱི་སྔོན་ཚུད་ཉེན་བརྡའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་དང་འབྲེལ་ཆུ་ལོག་གི་གནོད་འཚེ་ཕོག་ཉེན་ཁུལ་དུ་སྐོར་ཞིབ་བྱ་རྒྱུར་ཤུགས་རྒྱག་དགོས་པ་དང་། 《སི་ཁྲོན་ཞིང་ཆེན་གྱི་ཆུ་ལོག་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་ཀའི་སྒྲིག་སྲོལ》ལྟར། འབྲེལ་ཡོད་ས་ཁོངས་ཀྱིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། དུས་དང་བསྟུན་ནས་སྔོན་ཇུས་ལག་ལེན་བསྟར་ཏེ་འཇིགས་སྐུལ་ཐེབས་པའི་མང་ཚོགས་དུས་ཐོག་དང་འཕྲལ་ཐག་ཆོད་པོས་གནས་སྤོ་བ་དང་། སྤོ་སྒྱུར་ལམ་ཐིག་དང་བཀོད་སྒྲིག་ཁུལ་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།