འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་1ཉིན།

༄༅༎ཟླ་6ཚེས་30ཉིན་གཏན་འཁེལ་བྱུང་པའི་ནད་དཔེ་3གསར་འཕར་བྱུང་བ་དང་ཚང་མ་ས་གནས་དེ་རང་གི་ནད་དཔེ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་01ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་30ཉིན་གྱི་ཆུ་ཚོད་0ནས་24བར། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སྙན་ཞུའི་ནང་གཏན་འཁེལ་བྱུང་པའི་ནད་དཔེ་3གསར་འཕར་བྱུང་བ་ཚང་མ་ས་གནས་དེ་རང་གི་ནད་དཔེ(ཚང་མ་པེ་ཅིང་དུ་ཡོད་པ)ཡིན་པ་དང་། གྲོངས་པའི་ནད་དཔེ་གསར་འཕར་བྱུང་མེད་པ། དོགས་ཡོད་ནད་དཔེ་2གསར་འཕར་བྱུང་བ་ཚང་མ་མངའ་ཁོངས་ཕྱི་ནས་འགོས་པའི་ནད་དཔེ(ཚང་མ་ཧྲང་ཧའེ་རུ་ཡོད)ཡིན་པ་རེད།
    ཉིན་དེར་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པའི་ནད་དཔེ་10གསར་འཕར་བྱུང་བ་དང་། གསོ་རིག་ལྟ་ཞིབ་བྱེད་མི་དགོས་པ་བཟོས་པའི་ནད་དཔེ་703ཡོད་པ་དང་། ནད་གཞི་ལྕི་བའི་ནད་དཔེ་ཉིན་སྔོན་མ་དང་སྙོམས་ཡོད་པ་རེད།
     ད་ལྟ་མངའ་ཁོངས་ཕྱི་ནས་འགོས་པའི་གཏན་འཁེལ་བྱུང་པའི་ནད་དཔེ་79(ནད་གཞི་ལྕི་བའི་ནད་དཔེ་མེད་པ)ཡོད་པ་དང་། ད་ལྟ་དོགས་ཡོད་ནད་དཔེ་3ཡོད་པ། སྔ་ཕྱི་སྡེབ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་1918ཡོད་པ་དང་། རིམ་རྩིས་བྱས་ན་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པའི་ནད་དཔེ་1839ཡོད་པ། གྲོངས་བའི་ནད་དཔེ་མེད་པ་རེད།
     ཟླ་6ཚེས་30ཉིན་གྱི་ཆུ་ཚོད་24བར། ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཀྱི་སྙན་ཞུ་ལྟར། ད་ལྟ་གཏན་འཁེལ་བྱུང་པའི་ནད་དཔེ་421(དེའི་ནང་ནད་གཞི་ལྕི་བའི་ནད་དཔེ་7)ཡོད་པ་དང་། རིམ་རྩིས་བྱས་ན་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པའི་ནད་དཔེ་78479ཡོད་པ་རེད། རིམ་རྩིས་བྱས་ན་གྲོངས་པའི་ནད་དཔེ་4634ཡོད་པ་དང་། རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་83534ཡོད་པ། ད་ལྟ་དོགས་ཡོད་ནད་དཔེ་8ཡོད། རིམ་རྩིས་བྱས་ན་ནད་པ་དང་འབྲེལ་གཏུག་དམ་ཟབ་ཡོད་པའི་མི་762744རྗེས་སྙེག་ཐུབ་པ་དང་། ད་དུང་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་ནད་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་6479ཡོད་པ་རེད།
     ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སྙན་ཞུའི་ནང་ནད་རྟགས་མེད་པའི་ནད་དཔེ་3(མངའ་ཁོངས་ཕྱི་ནས་འགོས་པའི་ནད་དཔེ་3)མང་དུ་ཕྱིན་པ། ཉིན་དེར་གཏན་འཁེལ་བྱུང་བའི་ནད་དཔེར་འགྱུར་པའི་ནད་དཔེ་1(མངའ་ཁོངས་ཕྱི་ནས་འགོས་པའི་ནད་དཔེ་མེད་པ)ཡོད་པ་དང་། ཉིན་དེར་གསོ་རིག་ལྟ་ཞིབ་བྱེད་མི་དགོས་པ་བཟོས་པའི་ནད་དཔེ་1(མངའ་ཁོངས་ཕྱི་ནས་འགོས་པའི་ནད་དཔེ་མེད་པ)ཡོད། ད་དུང་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་ནད་རྟགས་མེད་པའི་ནད་དཔེ་100(མངའ་ཁོངས་ཕྱི་ནས་འགོས་པའི་ནད་དཔེ་63ཡོད)ཡོད།
     རིམ་རྩིས་བྱས་ན་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ས་ཁུལ་གྱིས་བརྡ་ཁྱབ་བཏང་བའི་གཏན་འཁེལ་བྱུང་པའི་ནད་དཔེ་1698ཟིན་ཡོད་པ་རེད། དེའི་ནང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ནད་དཔེ་1205(དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པའི་ནད་དཔེ1107དང་། གྲོངས་པའི་ནད་དཔེ་7)ཡོད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ནད་དཔེ་46(དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པའི་ནད་དཔེ་45)ཡོད། ཐའེ་དབན་ས་ཁུལ་གྱི་ནད་དཔེ447(དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པའི་ནད་དཔེ437དང་གྲོངས་བའི་ནད་དཔེ7)ཡོད།