འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་1ཉིན།

༄༅༎འབྲི་ཆུའི་འགག་གསུམ་ཆུ་རགས་ཀྱི་འགག་སྒོ་ཕྱེ་ནས་འབྲུབ་ཆུ་གློད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་01ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་6ཚེས་29ཉིན་འབྲི་ཆུའི་འགག་གསུམ་ཆུ་རགས་གཉིས་ནས་འདི་ལོའི་འབྲུབ་ཆུ་གློད་འགོ་ཚུགས་པ་རེད། འབྲི་ཆུའི་ཆུ་དཔྱད་གནས་ཚུལ་ལས་མངོན་པར། 2020ལོའི་ཟླ་6ཚེས་29ཉིན་གྱི་ཆུ་ཚོད་བརྒྱད་པར་འབྲི་ཆུའི་འགག་གསུམ་ཆུ་མཛོད་ཀྱི་ཆུ་ཁ་སྨི་147.44ཟིན་པ་དང་། ཆུ་མཛོད་ཀྱི་ཆུའི་རྒྱུག་འབོར་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་39000ཟིན་པ་ཆུ་མཛོད་ནས་ཐོན་པའི་ཆུའི་རྒྱུག་འབོར་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་34400ཟིན་པ་བཅས་རེད།