འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་30ཉིན།

༄༅༎སི་ཁྲོན་དཀར་མཛེས་ལི་ཐང་དུ་རྟ་རྒྱུག་འགྲན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་30ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎སི་ཁྲོན་དཀར་མཛེས་ལི་ཐང་དུ་རྟ་རྒྱུག་འགྲན་པ།
     ཟླ་6ཚེས་25དང་26ཉིན“ཀྲུང་གོའི་བོད་རིགས་ཀྱི་རྟ་རྒྱུག་རིག་གནས་ཀྱི་ཕ་ཡུལ·ལི་ཐང”ཞེས་པའི་ཟླ་བ་དྲུག་པའི་རྟ་རྒྱུག་འགྲན་བསྡུར(2020ལོའི་ཐོབ་ཐང་འགྲན་བསྡུར)“མཁའ་གྲོང”དུ་འབོད་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་གི“བརྒྱད་གཅིག་རྟ་རྒྱུག་ཐང”དུ་བྱས་ཤིང་། སི་ཁྲོན་དང་། ཡུན་ནན། བོད་ལྗོངས། ནང་སོག མཚོ་སྔོན། ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་རྟ་པ་དང་རྟ་ཕོ་བརྒྱ་ལྷག་ཙམ་གྱིས་རྟ་རྩལ་རིགས་14ཡི་འགྲན་བསྡུར་རྣམ་གྲངས་ཀྱི་ཨང་དང་པོ་བརྩོན་ལེན་བྱས་ནས་ཡུལ་དེ་གའི་མང་ཚོགས་དང་ཡུལ་སྐོར་བས་ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་ཐུན་མོང་མ་ཡིན་པའི་རྟ་རྩལ་ཉམས་སུ་མྱངས་པ་རེད། འདི་ནི་ཟླ་6ཚེས་26ཉིན་ས་གནས་ཁག་ནས་ཡོང་བའི་རྟ་པས་རྟ་རྩལ་འགྲན་བཞིན་པ།