འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་30ཉིན།

༄༅༎ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཨ་རི་ཕྱོགས་ཀྱིས་ཤང་ཀང་གི་གནད་དོན་རྐྱེན་པས་ཀྲུང་གོ་
ཕྱོགས་ཀྱི་དཔོན་རིགས་ལ་རྒྱལ་སྒྲོལ་ཐོངས་མཆན་ཚོད་འཛིན་བྱས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་30ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝ་ཧྲིང་ཐོན་ནས་ཟླ་6ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་མགྲིན་ཚབ་པས་གསལ་བསྒྲགས་སྤེལ་ནས་ཨ་རི་ཕྱོགས་ཀྱིས་ཤང་ཀང་གི་གནད་དོན་རྐྱེན་པས་ཀྲུང་གོ་ཕྱོགས་ཀྱི་དཔོན་རིགས་ལ་རྒྱལ་སྒྲོལ་ཐོངས་མཆན་ཚོད་འཛིན་བྱས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུའི་ནན་བཤད་བྱས་པ་རེད།
     གསལ་བསྒྲགས་ནང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་ནོར་འཁྲུལ་གྱི་བྱེད་སྟངས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཤང་ཀང་ནི་ཀྲུང་གོའི་ཤང་ཀང་ཡིན་པས་ཤང་ཀང་གི་དོན་དག་ནི་ཀྲུང་གོའི་ནང་སྲིད་རང་ཡིན་པས་ཕྱི་རོལ་ཕྱོགས་གཏོགས་གང་རུང་ཞིག་གིས་ཀྱང་ཐེ་ཇུས་བྱེད་མི་རུང་། རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་བཟོ་རྒྱུ་ནི་ཀྲུང་དབྱང་སྲིད་གཞུང་གི་དབང་ཆ་དང་འགན་འཁྲི་ཡིན་པ་མ་ཟད། རྒྱལ་སྤྱིར་ཐུན་མོང་ཐོག་སྤྱོད་པའི་ལག་ལེན་ཞིག་ཀྱང་ཡིན། ཤང་ཀང་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཛུགས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་བྱེད་སྤྱོད་དང་བྱེད་སྒོ་ཆེས་ཉུང་ཤས་ལ་དམིགས་པ་ཞིག་ཡིན། དེས་ཤང་ཀང་ལ་བཅའ་ཁྲིམས་ཀྱི་མ་ལག་དེ་བས་འཐུས་སྒོ་ཚང་བ་དང་དེ་བས་བརྟན་ལྷིང་གི་སྤྱི་ཚོགས་སྒྲིག་ལམ་ཞིག་ཡོང་ངེས་ཡིན་པས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་ཤང་ཀང་ཡུན་རིང་དར་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་ཕན་པ་ཡོད་ཅེས་འཁོད་ཡོད་པ་རེད།
     གསལ་བསྒྲགས་ནང་། ཀྲུང་གོ་སྲིད་གཞུང་གིས་ཤང་ཀང་བཅོས་སྐྱོང་བྱེད་པའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ནི་ཀྲུང་གོའི་རྩ་ཁྲིམས་དང་ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཡིན་པ་ལས《ཀྲུང་དབྱིན་མཉམ་འབྲེལ་གསལ་བསྒྲགས》མིན། 1997ལོར་ཤང་ཀང་མེས་རྒྱལ་པང་དུ་ལོག་པ་དང་ཆབས་ཅིག་《ཀྲུང་དབྱིན་མཉམ་འབྲེལ་གསལ་བསྒྲགས》ནང་གཏན་འབེབས་བྱས་པའི་དབྱིན་ཇི་ཕྱོགས་དང་འབྲེལ་བ་ཡོད་པའི་དབང་ཆ་དང་འོས་འགན་ཚང་མ་ལག་བསྟར་བྱེད་མཇུག་འགྲིལ་ཡོད། ཨ་རི་ཕྱོགས་ཀྱིས《ཀྲུང་དབྱིན་མཉམ་འབྲེལ་གསལ་བསྒྲགས》ལུང་དྲངས་ནས་ཤང་ཀང་གི་ལས་དོན་ལ་མཐོ་བཤད་དམའ་བཤད་བྱེད་པར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གང་ཡང་མེད་ལ་ཐོབ་ཐང་ཡང་གང་ཡང་མེད་ཅེས་འཁོད་ཡོད།
     གསལ་བསྒྲགས་ནང་། ཨ་རི་ཕྱོགས་ཀྱིས་འཕྲལ་མར་ནོར་འཁྲུལ་ཡོ་བསྲང་བྱས་ནས་འབྲེལ་ཡོད་གཏན་འབེབས་མེད་པ་བཟོ་བ་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་མ་ཟད་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་བྱ་ཐབས་ནུས་ལྡན་སྤྱད་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུའི་ནན་བཤད་བྱས་ཡོད་པ་རེད།