འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་30ཉིན།

༄༅༎འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཨ་སྒོར་དུང་ཕྱུར་313གྲབས་གསོག་བྱས་ནས་
ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་རྩིས་ཡོད་པ།

རིམས་འགོག་སྨན་ཁབ་དུང་ཕྱུར་20ཉོ་སྒྲུབ་བྱ་རྒྱུ་ཚུད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་30ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རེ་ནི་ཝ་ནས་ཟླ་6ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་དོན། མ་འོངས་ཟླ་12ནང་ཏོག་གསར་གློ་ཚད་རིམས་ནད་ཀྱི་སྨན་རྫས་དང་། བརྟག་དཔྱད་ཡོ་ཆས། རིམས་འགོག་སྨན་ཁབ་བཅས་གསར་སྤེལ་བྱེད་པ་དང་སྤྲོད་པར་ཨ་སྒོར་དུང་ཕྱུར་313དགོས་ཀྱི་ཡོད། དེའི་ནང་2021ལོའི་ལོ་མཇུག་བར་རིམས་འགོག་སྨན་ཁབ་དུང་ཕྱུར་20ཉོ་སྒྲུབ་བྱ་རྒྱུ་ཚུད་པ་དང་། རིམས་འགོག་སྨན་ཁབ་དུང་ཕྱུར་10ཡོང་འབབ་འབྲིང་དམའི་རྒྱལ་ཁབ་ལ་སྤྱོད་རྒྱུ་རེད།
     ཚེས་26ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྩ་འཛུགས་དེས་འགོ་ཁྲིད་པའི“ཏོག་གསར་གློ་ཚད་ལ་འགོག་རྒོལ་གྱི་ཡོ་ཆས་ཐོབ་པར་བྱེད་པའི”རྒྱལ་སྤྱིའི་མཉམ་ལས་ཀྱི་གྲོས་འགོའི་མ་འཇོག་དགོས་མཁོ་གསར་དུ་བརྗེས་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གྲོས་འགོ་དེ་བརྟག་དཔྱད་དང་། བཅོས་ཐབས། རིམས་འགོག་སྨན་ཁབ། དེ་བཞིན་འཕྲོད་བསྟེན་མ་ལག་དང་སྤྱི་ཚོགས་དྲ་རྒྱ་འབྲེལ་མཐུད་བཅས་ཀ་རྟེན་བཞིར་དམིགས་ཏེ་སྤེལ་རྒྱུ་དང་། སླད་ཕྱིན་གྱི་ཟླ་12རིང་མ་འཇོག་གི་དགོས་མཁོ་ཨ་སྒོར་དུང་ཕྱུར་313ཟིན་རྒྱུའི་ནང་ནས་ཨ་སྒོར་དུང་ཕྱུར་34ཞལ་འདེབས་རྒྱག་རྒྱུའི་ཁས་ལེན་བྱས་པ་དང་དེ་བྱིངས་ཀྱི་ཨ་སྒོར་དུང་ཕྱུར་279ཡི་ནང་ནས་ཨ་སྒོར་དུང་ཕྱུར་137དགོས་མཁོ་ཤིན་ཏུ་ཆེན་པོ་ཡོད་ཅེས་བརྗོད་པ་རེད།
     གཞན་ཡང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་2021ལོའི་ལོ་དཀྱིལ་བར། ཡོང་འབབ་འབྲིང་དམའི་རྒྱལ་ཁབ་ལ་ཏོག་གསར་གློ་ཚད་བརྟག་དཔྱད་ཡོ་ཆས་དུང་ཕྱུར་5དང་སྨན་བཅོས་དུས་ཡུན་དུང་ཕྱུར་2.45ལ་འདང་བའི་སྨན་རྫས་སྤྲོད་རྒྱུའི་འཆར་གཞི་་ཡོད་པ་དང་། 2021ལོའི་ལོ་མཇུག་ཏུ་གོ་ལ་ཧྲིལ་པོར་ཏོག་གསར་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་དུང་ཕྱུར་20མཁོ་འདོན་བྱ་རྒྱུའི་ནང་ནས་དུང་ཕྱུར་10ཡོང་འབབ་འབྲིང་དམའི་རྒྱལ་ཁབ་ལ་མཁོ་འདོན་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།