འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་29ཉིན།

༄༅༎དཔའ་རིས་ཀྱི་མི་རིགས་ཞིམ་ཟས་འགྲན་བསྡུར་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་29ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་དཔའ་རིས་རྫོང་བཙུགས་ནས་ལོ་70འཁོར་བའི་རིམ་སྤེལ་བྱེད་སྒོ“དཔའ་རིས་ཁྱད་ལྡན་འགྲན་བསྡུར་བཅུའི”ཡ་གྱལ་མི་རིགས་ཞིམ་ཟས་འགྲན་བསྡུར་གྱི་ཡུལ་དངོས་ཡིན་པ།
འདི་ནི་དཔའ་རིས་རྫོང་བཙུགས་ནས་ལོ་70འཁོར་བའི་རིམ་སྤེལ་བྱེད་སྒོ“དཔའ་རིས་ཁྱད་ལྡན་འགྲན་བསྡུར་བཅུའི”ཡ་གྱལ་མི་རིགས་ཞིམ་ཟས་འགྲན་བསྡུར་གྱི་ཡུལ་དངོས་ཡིན་པ།
     མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། མི་རིགས་ཞིམ་ཟས་རིག་གནས་ཀྱི་ནང་དོན་སྔོག་འདོན་བྱེད་པ། དཔའ་རིས་ཀྱི་མི་རིགས་ཁྱད་ལྡན་ཞིམ་ཟས་ཀྱི་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་བ། ས་གནས་ཀྱི་ཡུལ་སྐོར་ཞིམ་ཟས་རིག་གནས་སྤུས་རྟགས་གཏོད་པ་བཅས་བྱས་ནས། དཔའ་རིས་རྫོང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། ཟླ་6ཚེས་26ཉིན་དཔའ་རིས་རྫོང་གིས་མི་རིགས་ཞིམ་ཟས་འགྲན་བསྡུར་སྤེལ་ཞིང་། མི་རིགས་ཀྱི་ཁྱད་ཆོས་རབ་ཏུ་ལྡན་པའི་ཚལ་རིགས་120ལྷག་ཙམ་འགྲན་བསྡུར་ནང་ཞུགས་པ་རེད།
     དཔའ་རིས་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་མི་རིགས་ཀྱི་ཉམས་འགྱུར་གྱིས་ཕྱུག་ལ། དུས་བཞིའི་ཡུལ་ལྗོངས་ལྟ་ན་སྡུག་པ་དང་། དྲི་ཞིམ་འཐུལ་བའི་ཞིམ་ཟས་སྣ་ཚོགས་ཡོད་པའི་གྲོང་ཞིག་ཡིན། ལོ་ངོ་4000ལྷག་ཙམ་གྱི་ལོ་རྒྱུས་འཕེལ་རིམ་དང་། རིག་གནས་སྣ་མང་གདོང་ཐུག་དང་མཉམ་འདྲེས་བྱུང་བ་ལས་འོད་སྟོང་འཕྲོ་བའི་ཤེས་དཔལ་གྱི་མེ་ཏོག་བཞད་ཡོད། མི་རིགས་ཀྱི་རིག་གནས་དང་། འབྲོག་པའི་རིག་གནས། ཞིང་པའི་རིག་གནས། རུའུ་ལུགས་ཀྱི་རིག་གནས། དམངས་ཁྲོད་རིག་གནས་བཅས་མཉམ་འདྲེས་འཕེལ་རྒྱས་བྱུང་བས། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བཟའ་བཏུང་རིག་གནས་བྱུང་བ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མི་རིགས་ཞིམ་ཟས་འགྲན་བསྡུར་གྱིས་དཔའ་རིས་ཀྱི“ཟས་མཆོག་བརྒྱད”གཙོ་གནད་དུ་བྱས་ནས་དཔའ་རིས་ཀྱི་ཚལ་གྲགས་ཅན་དང་། མངར་སོབ་བག་ལེབ་གྲགས་ཅན། སིལ་ཟས་གྲགས་ཅན། གསོལ་སྟོན་གྲགས་ཅན་བཅས་ཀྱི་དཔྱད་འདེམས་ཀྱི་བྱེད་སྒོ་སྤེལ་བ་རེད། འགྲན་བསྡུར་ནང་དཔའ་རིས་ཀྱི་རྒྱ་བྲ་དང་། དཔའ་རིས་ས་མཐོའི་ཤ་མོ། དཔའ་རིས་ཀྱི་སྐམ་ཤ  དཔའ་རིས་ཀྱི་རི་མཐོའི་བལ་འཇམ་ལུག་ཤ་བཅས་ཁྱད་ལྡན་བཟའ་བཅའི་རྒྱུ་ཆ་རིགས་བཞི་ཁ་བྱང་དུ་བྱས་ནས་བྱ་དགའ་ཁག་བཞི་བཙུགས་ལ། བྱ་དགའ་ཁག་སོ་སོས་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་དཔྱད་འདེམས་བྱས་པར་ཁྱོན་བྱ་དགའ་12ཡོད། དཔའ་རིས་ཀྱི་ཁྱད་ལྡན་སིལ་ཟས་གྲགས་ཅན་དང་མངར་སོབ་བག་ལེབ་གྲགས་ཅན་ལ་ཁྱོན་བྱ་དགའ་ཁག་6བཀོད་སྒྲིག་བྱས། དཔའ་རིས་ཀྱི་གྲགས་ཅན་གསོལ་སྟོན་ལ་རྒྱ་བྲ་གསོལ་སྟོན་དང་། སྐམ་ཤའི་གསོལ་སྟོན། ལུག་བུབས་གསོལ་སྟོན། ས་མཐོའི་ཤ་མོའི་གསོལ་སྟོན། དཔའ་རིས་ཟས་མཆོག་བརྒྱད་ཀྱི་གསོལ་སྟོན། གངས་ལྗོངས་ཀྱི་མགྲོན་བསུ་གསོལ་སྟོན་བཅས་སོ་སོར་བྱ་དགའ་ཁག་རེ་བཙུགས། ཁྱོན་བྱ་དགའ་24ཡོད་པ་རེད། 
     རིགས་གཅིག་མཁས་པའི་དཔྱད་འདེམས་ཨུ་ལྷན་གྱིས་ཚལ་རིགས་ཀྱི་ཚོས་གཞི་དང་། བྲོ་བ། དྲི་མ། བཟོ་དབྱིབས། སྣོད་ཆས། འཚོ་བཅུད། རིག་གནས་ཀྱི་ཁྱད་ཆོས། འཕྲོད་བསྟེན་སོགས་ཀྱི་ཐད་ནས་ཞིབ་དཔྱད་གཏན་འཁེལ་བྱས་པ་རེད། མཇུག་མཐར། ཞོན་མའི་ཁུག་མ་ཞེས་པར་དཔའ་རིས་སིལ་ཟས་གྲགས་ཅན་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། དབྱང་ཏུའུ་ཤ་མོ་སྔོན་མོར་ཤ་མོའི་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ། རྒྱ་བྲའི་བག་ལེབ་ཆུང་ཆུང་ལ་དཔའ་རིས་མངར་སོབ་བག་ལེབ་གྲགས་ཅན་གྱི་བྱ་དགའ་ཨང་དང་པོ་ཐོབ་པ། ཆང་དམར་ཤིང་ཏོག་བྲོ་བ་ཅན་གྱི་ཀྲང་ཧྥེ་ཚགས་ཤ་ལ་དཔའ་རིས་ནོར་དཀར་ཚགས་ཤའི་ཚལ་གྲགས་ཅན་གྱི་བྱ་དགའ་ཨང་དང་པོ་ཐོབ་པ། བོད་ལུགས་ནུབ་ཟས་ལུག་སུག་ལ་དཔའ་རིས་བལ་འཇམ་ལུག་ཤའི་ཚལ་གྲགས་ཅན་གྱི་བྱ་དགའ་ཨང་དང་པོ་ཐོབ་པ། རྒྱ་བྲ་ཙོང་གི་བྲོ་བ་ཅན་གྱི་གསེར་གྱི་བག་ལེབ་ལ་དཔའ་རིས་རྒྱ་བྲའི་ཚལ་གྲགས་ཅན་གྱི་བྱ་དགའ་ཨང་དང་པོ་ཐོབ་པ། དཔའ་རིས་ཀྱི་བཟའ་བཏུང་ཁེ་ལས་དྲུག་ལ་གསོལ་སྟོན་གྱི་བྱ་དགའ་ཆེན་པོ་དྲུག་ཐོབ་པ་བཅས་རེད།
【1】  【2】
འདི་ནི་འགྲན་བསྡུར་ནང་ཞུགས་པའི་ཞིམ་ཟས་དག་ཡིན་པ།
འདི་ནི་འགྲན་བསྡུར་ནང་ཞུགས་པའི་ཞིམ་ཟས་དག་ཡིན་པ།