འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་28ཉིན།

༄༅༎རྒྱལ་ལམ་317འཛམ་ཐང་རྫོང་ཁོངས་སུ་ཆད་ཡོད། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་28ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ས་རྡིབས་པའི་ཡུལ་དངོས།
ས་རྡིབས་པའི་ཡུལ་དངོས། 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་26ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་པར་རྒྱལ་ལམ་G317རྒྱུད་ཀྱི་འཛམ་ཐང་རྫོང་སི་ལི་ཤང་K482+300མཚམས་སུ། སླར་ཡང་མཐོ་གནས་ནས་ས་བརྡིབས་པའི་གནོད་འཚེ་བྱུང་ལ། ཕལ་ཆེར་སྨི་གྲུ་བཞི་ལྷམ་པ་200ལྷག་ཟིན་ཡོད་པས། འགྲིམ་འགྲུལ་བཅད་ཅིང་ཤུགས་རྐྱེན་ཐེབས་ཁྱོན་སྨི་150ཙམ་ཟིན་པ་དང་ཡུལ་དངོས་སུ་མི་སྣ་ཤི་རྨས་བྱུང་མེད། མིག་སྔར་ཡུལ་དངོས་སུ་ད་དུང་རྦབ་རྡོ་རྒྱུན་མི་ཆད་པར་ལྷུང་བཞིན་ཡོད་པས། འཛམ་ཐང་གཞུང་ལམ་ཡན་ལག་ཅུས་ཀྱི་ཉེན་སེལ་མི་སྣ་དང་དེ་བཞིན་འགྲིམ་འགྲུལ་ཉེན་རྟོག་པ་ལས་ཡུལ་དུ་འབྱོར་ནས་འགྲིམ་འགྲུལ་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། གཟར་ངོས་བརྟན་པོ་བྱུང་རྗེས་ཉེན་སེལ་ལས་སྒྲུབ་བྱ་རྒྱུ་ཡིན་ལ། ཤར་གཏོང་ཐུབ་པའི་དུས་ཚོད་སྔོན་དཔག་བྱེད་ཐབས་མེད། ལམ་དུམ་བུ་དེ་ནི་མཐོ་སའི་གས་རྡིབ་ལམ་དུམ་ཡིན་པས་གཟར་ངོས་བརྟན་པོ་མེད། མཚན་མོར་འགྲིམ་འགྲུལ་བཅད་པ་དང་། འགྲོ་ཆོག་པའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་བརྒྱད་པ་ནས་དགོང་མོའི་ཆུ་ཚོད་བརྒྱད་པའི་བར་ཡིན། 
     བསྐོར་ནས་འགྲོ་བའི་ལམ་ཐིག་གཤམ་གསལ་ཡོད།  
     1.ཁྲེང་ཏུའུ—སྤོ་དཀར་ལའི་ཕུག་ལམ—ལྷ་རྒྱལ་གླིང—ལུང་བཟང—རྔ་བ—འཛམ་ཐང་། 
     2.འཛམ་ཐང—ཟམ་ནག—བྲག་འགོ—ཆུ་ཆེན—འབར་ཁམས—ཁྲེང་ཏུའུ།
ས་རྡིབས་པའི་ཡུལ་དངོས།
ས་རྡིབས་པའི་ཡུལ་དངོས།