འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་28ཉིན།

༄༅།།གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་4880ཟིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་28ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་4880ཟིན།
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6ཚེས་27ཉིན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཚེས་27ཉིན་གྱི་དགོང་མོར་སྤྱི་བསྒྲགས་བྱས་པའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཡུལ་སྐོར་བསྡོམས་རྩིས་གྲངས་གཞི་ལ་གཞིགས་ན། ཟླ་6ཚེས་25ཉིན་ནས་ཚེས་27ཉིན་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་རྒྱལ་ནང་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་4880.9སྣེ་ལེན་ཞུས་ཡོད་ཅིང་། རིམ་རྩིས་བྱས་ན་རྒྱལ་ནང་དུ་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་122.8བྱུང་ཡོད།
    རིག་གནས་དང་ཡུལ་སྐོར་པུའུ་གཞུང་ལས་ཐིང་གི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་དོན། རིམས་ནད་དང་ཆུ་འབྲུབ་པའི་དུས་སྐབས་གཉིས་གཅིག་ཏུ་འཁེལ་བས་དུས་ཆེན་གྱི་ཡུལ་སྐོར་ཁྲོམ་རར་འགྲན་སློང་བསླངས་པར་དམིགས་ནས། ས་གནས་ཁག་གི་རིག་གནས་ཡུལ་སྐོར་སྲིད་འཛིན་སྡེ་ཁག་གིས་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་ཉེན་ཁའི་དཔྱད་དཔོག་དང་ལྟ་ཞིབ་ཚད་ལེན་ཤུགས་ཇེ་ཆེར་བཏང་ཡོད། ལྔ་པའི་ཚེས་ལྔའི་དུས་ཆེན་ཉིན་3རིང་ལ། རྒྱལ་ཡོངས་སུ་ཡུལ་སྐོར་དང་འབྲེལ་བའི་དོན་རྐྱེན་དང་ཞུ་གཏུག་གྱོད་དོན་ཚབས་ཆེན་བྱུང་མེད། 
    ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་ཁག་གིས་“སྣེ་ལེན་ཞུ་ཐུབ་ཚད་ལ་སྣེ་ལེན་ཞུ་བའི”རྩ་དོན་ལ་གཞིགས་ནས། གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བརྙན་ལམ་ལྟ་ཞིབ་བརྡ་རྟགས་དེ་རིག་གནས་དང་ཡུལ་སྐོར་པུའུ་ཡི་ཕྱོགས་བསྡུས་ལྟ་ཞིབ་དང་འཕྲལ་བསྟུན་མཛུབ་སྟོན་སྤྱི་སྟེགས་སུ་སྦྲེལ་ནས། ཁྱོན་5Aརིམ་པའི་མཛེས་ལྗོངས་ཁུལ་110ལྷག་ལ་སྐོར་ཞིབ་བྱས་པ་དང་། ཡུལ་སྐོར་ཚོགས་པ་3046ལ་ཞིབ་བཤེར་བྱས་ནས། རྒྱལ་ཡོངས་སུ་རིམ་པ་ཁག་གི་མཛེས་ལྗོངས་ཁུལ་ཁྲི་1.5ལྷག་ལ་སྐོར་ཞིབ་བྱས་པ་རེད།     
  ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ས་གནས་ཁག་ལ་མཛུབ་ཁྲིད་བྱས་ཏེ་རྨ་ཆུའི་མཛེས་ལྗོངས་ཡུལ་སྐོར་དང་། གསར་བརྗེའི་དད་མོས་ཡུལ་སྐོར། ཕྱིར་སྐྱོད་ཉམས་ལེན་ཡུལ་སྐོར་སོགས་བརྗོད་དོན་གཙོ་བོའི་ལམ་ཐིག་ཐོན་རྫས་བཏོན་པ་དང་། དམངས་ཕན་གྱི་བྱེད་ཐབས་མང་པོ་བཏོན་ནས། ཡུལ་སྐོར་བ་སྣ་མང་ཅན་གྱི་གུང་གསེང་ཡུལ་སྐོར་གྱི་དགོས་མཁོ་བསྐངས་ཡོད། གསར་བརྗེའི་ཡུལ་སྐོར་དང་། གྲོང་གསེབ་ཡུལ་སྐོར། སྐྱེ་ཁམས་ཡུལ་སྐོར། “རིག་གནས་ཤུལ་བཞག+ཡུལ་སྐོར”དང་ཡུལ་སྐོར་དམངས་སྡོད་ཁང་ནི་གུང་གསེང་གི་ཡུལ་སྐོར་འཁྲུག་ཆ་དོད་ཤོས་སུ་གྱུར་ཡོད། འཁོར་གཏོང་ཡུལ་སྐོར་དང་། བུ་ཚའི་ཡུལ་སྐོར། ཁྱིམ་ཚང་གི་ཡུལ་སྐོར་བཅས་རྒྱུན་མཐུད་ངང་དར་འཕེལ་བྱུང་ཞིང་། མཚན་མོའི་ཡུལ་སྐོར་བྱེད་སྒོ་མང་དུ་ཕྱིན་ནས་གུང་གསེང་ཡུལ་སྐོར་གྱི་རྣམ་པ་གསར་ཤོས་སུ་གྱུར་ཡོད།   
༄༅།།གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་4880ཟིན།