འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་23ཉིན།

༄༅༎དཀར་མཛེས་ཁུལ་གྱི་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་
ལས་འགལ་བའི་གནད་དོན་གྱི་དཔེ་མཚོན་གྱོད་དོན་4བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་23ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། དཀར་མཛེས་ཀྱི་སྒྲིག་ཨུད་ཀྱི་གཞུང་ཕྱོགས་དཔོད་ཆུང་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དཀར་མཛེས་ཁུལ་གྱི་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱོད་དོན་4བརྡ་ཁྱབ་བཏང་སྟེ།
    1. རོང་བྲག་རྫོང་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་དབྱང་ཕུན་ཚོགས་ཀྱིས་གཉེན་སྟོན་རྒྱས་གཤོམ་བྱས་པའི་གནད་དོན། 2019ལོའི་ཟླ་9པར། རོང་བྲག་རྫོང་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་དབྱང་ཕུན་ཚོགས་ཀྱིས་བུ་མོའི་ཕྱོགས་ཀྱི་ཕ་མ་གཉིས་ཀྱིས་རང་གི་བུ་དང་མནའ་མར་གཉེན་སྒྲིག་གི་སྟོན་མོ་བཤམས་ཚར་པའི་གནས་ཚུལ་འོག་སླར་ཡང་བརྒྱད་ཟིལ་རྫོང་དུ་ཁོའི་བུ་དང་མནའ་མར་གཉེན་སྒྲིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད། རྩ་འཛུགས་ལ་སྙན་སེང་ཇི་མ་ཇི་བཞིན་ཞུས་མེད་པས་ཤུགས་རྐྱེན་ངན་པ་བཟོས་པ་དང་། 2020ལོའི་ཟླ་5པར་དབྱང་ཕུན་ཚོགས་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
     2. བྲག་འགོ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང(དེ་སྔའི་བྲག་འགོ་རྫོང་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས་ཀྱི་ཅུས་ཀྲང)རྡོ་རྗེས་སྒྲིག་འགལ་ངང་ཕོགས་སྣོན་དང་ཁ་གསབ་སྤྲོད་པའི་གནད་དོན། 2016ལོ་ནས་2017ལོ་བར་བྲག་འགོ་རྫོང་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས་ཀྱིས་ཚན་པའི་ལས་བྱེད་ལས་བཟོར་སྒྲིག་འགལ་ངང་ཁ་གསབ་སྒོར་ཁྲི་44.85སྤྲད་པ་རེད། རྡོ་རྗེ་ནི་སྐབས་དེའི་ཅུས་དེའི་ཅུས་ཀྲང་ཡིན་པའི་ངོས་ནས་གནད་དོན་དེའི་ཐད་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་འཁུར་དགོས་པས། 2020ལོའི་ཟླ་དང་པོར་རྡོ་རྗེར་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད།
     3. སྡེ་རོང་རྫོང་ཚན་རྩལ་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་རྒྱ་མཚོས་སྒྲིག་འགལ་ངང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཉོ་བའི་གནད་དོན། 2016ལོའི་ཟླ་12པར། སྡེ་རོང་རྫོང་ཚན་རྩལ་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་རྒྱ་མཚོས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས“བཀྲ་ཤིས་ཉི་མའི་ལུང”ཞེས་པའི་རྒུན་འབྲུམ་ཨ་རག་དང་བྲ་བའི་ཇ་ཁྱོན་སྒོར་1992ཀྱི་ཉོས་ནས་གཞུང་དོན་སྣེ་ལེན་ཐད་སྤྱད་པས། 2020ལོའི་ཟླ་དང་པོར་བཀྲ་ཤིས་རྒྱ་མཚོར་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
     4. དཔལ་ཡུལ་རྫོང་སློབ་གསོ་ལུས་རྩལ་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲེང་ཧྥ་ཅུན་གྱིས་སྒྲིག་འགལ་ངང་རོལ་རྩེད་འགྲོ་གྲོན་རྩིས་ཞུ་བྱས་པའི་གནད་དོན། 2015ལོའི་ཟླ་7པར་དཔལ་ཡུལ་རྫོང་སློབ་གསོ་ལུས་རྩལ་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲེང་ཧྥ་ཅུན་གྱིས་སྒྲིག་འགལ་ངང་KTVརོལ་རྩེད་འཛད་སྤྱོད་ཀྱི་འགྲོ་གྲོན་ཁྱོན་སྒོར་1660གཞུང་དངུལ་ཐོག་ནས་རྩིས་ཞུ་བྱས་པས། 2020ལོའི་ཟླ་4པར་ཀྲེང་ཧྥ་ཅུན་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།