འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་23ཉིན།

༄༅༎མཚོ་སྔོན་གྱི“ཁུལ་གསུམ་ཀྲོའུ་གསུམ”གྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་ཁག་960ཚང་མ་ལས་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་23ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     《“ཁུལ་གསུམ་ཀྲོའུ་གསུམ”གྱི་མཚོ་སྔོན་བོད་རིགས་ས་ཁུལ་གྱི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི་བྱ་སྤྱོད་འཆར་གཞིར》ཁྱོན་མ་དངུལ་སྒོར་དུང་ཕྱུར་86.34བཏང་སྟེ། ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་496དང་། ཤིན་ཏུ་དབུལ་བའི་གྲོང་ཚོ་279 ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྲོང་ཚོ་503བཅས་ཀྱི་གློག་སྤྱོད་པའི་གནད་དོན་ཐག་གཅོད་ཐུབ་ཡོད།
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། གསར་འགོད་པས། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱས་པར། 2018ལོ་ནས་2020ལོ་བར“ཁུལ་གསུམ་ཀྲོའུ་གསུམ”གྱི་མཚོ་སྔོན་བོད་རིགས་ས་ཁུལ་གྱི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི་བྱ་སྤྱོད་ཉིན་10སྔ་སྣུར་དུ་ལེགས་གྲུབ་ཐུབ་ཡོད། ལོ་3ནང་རིམ་བཞིན་ལག་བསྟར་བྱས་པའི་རྣམ་གྲངས་ཁག་960ཡིས་མཚོ་སྔོན་ཞིང་ཆེན་གྱི་དུད་ཚང་ཁྲི་48.5ཡི་མི་ཁྲི་186.3ལ་ཕན་པ་ཐོབ་ཡོད་ལ། མཚོ་སྔོན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ“གློག་སྤྱོད་རྒྱུ་བྱུང་བ”ནས“གློག་ཡག་པོ་སྤྱོད་པའི”བར་འགྱུར་ལྡོག་ཀྱང་བྱུང་ཡོད།
     ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་རིམ་སྤོར་ལ་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་ཡུལ་ཤུལ་དང་མགོ་ལོག་གི་གློག་དྲ་སྦྲེལ་མཐུད་ལས་གྲྭ་སྔ་རྗེས་སུ་སྤེལ་ནས། གྲོང་ཚོ་ཚང་མར་སྒུལ་ཤུགས་གློག་ཤར་གཏོང་བྱེད་པའི“ལོ་གཉིས་ཀྱི་འགག་སྒྲོལ་དམག་འཐབ”སོགས་ཀྱི་འདུ་འགོད་ལག་བསྟར་བྱས་པའི་རྨང་གཞིའི་ཐོག 2018ལོ་ནས་2020ལོ་བར་གྱི《“ཁུལ་གསུམ་ཀྲོའུ་གསུམ”གྱི་མཚོ་སྔོན་བོད་རིགས་ས་ཁུལ་གྱི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི་བྱ་སྤྱོད་འཆར་གཞི》བཟོས་ནས། ཁྱོན་མ་དངུལ་སྒོར་དུང་ཕྱུར་86.34བཏང་སྟེ་གློག་སྒྲོམ་བརྟན་གཏོང་དང་གློག་དྲ་སྣུར་སྲིང་ལས་གྲྭ་ལག་བསྟར་བྱས་པ་དང་། ལོ་3ནང་གློག་གཏོང་དང་གློག་སྒྱུར་གྱི་གློག་སྐུད་སྟོང་སྨི་ཁྲི་2.3འཁྲིད་པ། གློག་སྒྱུར་ས་ཚིགས་74གསར་སྐྲུན་བྱས་ནས་གློག་གཏོང་ཚད་ཧྥུའུ་ཨན་ཀྲའོ་1699ཟིན་པ། གློག་སྒྱུར་གནོན་སྒྱུར་འཕྲུལ་འཁོར་4376གསར་སྣོན་བྱས་པ། དུད་ཚང་གི་གློག་འཇལ་ཆས་ཁྲི་9.1སྒྱུར་བཀོད་བྱས་པ། ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་496དང་། ཤིན་ཏུ་དབུལ་བའི་གྲོང་ཚོ་279 ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྲོང་ཚོ་503བཅས་ཀྱི་གློག་སྤྱོད་པའི་གནད་དོན་ཐག་གཅོད་བྱས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་མང་ཚོགས་ལ་གློག་བརྟན་པོ་ཞིག་སྤྱོད་རྒྱུ་ཡོང་བ་བྱས་པ་རེད།