འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་23ཉིན།

༄༅།།རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་དྲ་ཐོག་ནས་རྩ་ཆེ་ལ་སྟོང་ལ་ཉེ་བའི་རི་སྐྱེས་རྩི་ཤིང་འཚོང་བའི་བྱ་སྤྱོད་ལ་
གཅིག་བསྡུས་ཐོག་བཅོས་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་23ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22ཉིན། གསར་འགོད་པས་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། དྲ་ཐོག་ནས་རྩ་ཆེ་ལ་སྟོང་ལ་ཉེ་བའི་རི་སྐྱེས་རྩི་ཤིང་འཚོང་བའི་བྱ་སྤྱོད་བཀག་འགོག་ཏན་ཏིག་བྱ་ཆེད། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་དེ་ཉིན་ནས་བཟུང་ས་གནས་ཁག་གི་དྲ་འཕྲིན་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གཅིག་བསྡུས་ཐོག་བཅོས་སྒྲིག་བྱས་ཏེ། གནད་དོན་ཚབས་ཆེ་བ་དང་། ཤུགས་རྐྱེན་ངན་པ་ཐེབས་པའི་དྲ་ཚིགས་སྤྱི་སྟེགས་དང་། དྲ་རྒྱའི་ཨང་རྟགས། དེ་བཞིན་འབྲེལ་ཡོད་འགན་འཁྲི་ཡོད་མཁན་བཅས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། སྤྱི་ཚོགས་ཀྱི་མང་ཚོགས་ལ་ཐག་བཅད་ཀྱི་འབྲས་བུ་བརྡ་ཁྱབ་གཏོང་རྒྱུ་ཡིན་པ་རེད།


    ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚོད་རིང་པོ་ཞིག་ནང་། ཚོང་པ་ཁག་གཅིག་གིས་དྲ་རྒྱའི་སྤྱི་སྟེགས་ལ་བརྟེན་ནས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་རྩི་ཤིང་འཛེམ་བག་མེད་པར་འཚོང་བ་དང་། དྲ་ཚིགས་ལས་སྟེགས་ཁག་གཅིག་གིས་ལྐོག་ཏུ་སྔོག་འདོན་དང་གང་བྱུང་དུ་སྔོག་འདོན་བྱེད་པའི་གནས་ཚུལ་ཡོངས་བསྒྲགས་ངང་ཐད་གཏོང་བྱས་ནས། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་རྩི་ཤིང་གི་ཆ་འཕྲིན་ཁྱབ་སྤེལ་དང་འཚོང་བས་ཤུགས་རྐྱེན་ངན་པ་བཟོས་ཡོད། དྲ་ཐོག་ནས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་རྩི་ཤིང་འཚོང་བའི་བྱ་སྤྱོད་བཀག་འགོག་ཏན་ཏིག་བྱ་ཆེད། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་ཉེ་ཆར་བརྡ་ཐོ་བཏང་ནས་དྲ་ཚིགས་ཁག་གི་སྤྱི་སྟེགས་ལ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རྩི་ཤིང་གི་མིང་ཐོའི་ནང་ཡོད་པའི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་རྩི་ཤིང་སྔོག་འདོན་དང་ཕྱིར་ཚོང་སོགས་ཀྱི་ནང་དོན་ཡོངས་བསྒྲགས་བྱེད་མི་ཆོག་པ་དང་། འབྲེལ་ཡོད་ཆ་འཕྲིན་ཕྱོགས་ཡོངས་ནས་རང་བཤེར་དང་གཙང་བཤེར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། དྲ་ཚིགས་སྤྱི་སྟེགས་ཁག་གཅིག་གིས་རང་འགུལ་ངང་འབྲེལ་ཡོད་ཚོང་ཟོག་400ལྷག་ཙམ་ཕབ་པ་དང་། འབྲེལ་ཡོད་བརྙན་ལམ་3000ལྷག་ཙམ་མེད་པ་བཟོས་ཡོད།

    རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་ལས་སྒོའི་ཅུས་ཀྱི་འགན་འཁུར་བས་།  གཅིག་བསྡུས་བཅོས་སྒྲིག་ངང་མངོན་གསལ་དོད་པའི་གནད་དོན་ལ་སྔར་བས་དམིགས་ཏེ་བྱེད་པོའི་འགན་འཁྲིར་གནོན་ཤུགས་སྤྲད་ནས། ཆད་གཅོད་བྱེད་ཤུགས་ཆེ་རུ་བཏང་ཏེ་གནད་དོན་ཚབས་ཆེ་བ་དང་ཤུགས་རྐྱེན་ངན་པ་བཟོས་པའི་དྲ་ཚིགས་སྤྱི་སྟེགས་དང་། དྲ་རྒྱའི་ཨང་རྟགས། འབྲེལ་ཡོད་འགན་འཁྲི་ཡོད་མཁན་བཅས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། སྤྱི་ཚོགས་ཀྱི་སྤྱི་དམངས་ལ་ཐག་གཅོད་བྱས་འབྲས་བརྡ་ཁྱབ་གཏོང་བ། དེ་དང་དུས་མཚུངས་རྒྱ་ཆེའི་དྲ་དམངས་དང་། སྨྱན་སྦྱོར། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། དྲ་ཚིགས་སྤྱི་སྟེགས་དང་འབྲེལ་ཡོད་སྡེ་ཚན་ལ་འབྲེལ་ཡོད་གནད་དོན་ཐེར་འདོན་བྱས་ནས་ཐུན་མོང་ཐོག་དྭངས་ཤིང་གཙང་བའི་དྲ་རྒྱའི་བར་སྟོང་་ཞིག་གཏོད་དགོས་ཞེས་བརྗོད་པ་རེད།