འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་23ཉིན།

༄༅།།ཧྥ་རན་སེའི་གློག་བརྙན་ཁང་ལས་གཉེར་སླར་གསོ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་23ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཧྥ་རན་སེའི་གློག་བརྙན་ཁང་ལས་གཉེར་སླར་གསོ་བྱས་པ།
    མི་དམངས་དྲ་བའི་འཕྲིན། འདི་ནི་ཟླ་6ཚེས་22ཉིན། གཙང་སྦྲ་བས་ཧྥ་རན་སེའི་ལས་གཉེར་སླར་གསོ་བྱེད་འགོ་ཚུགས་པའི་གློག་བརྙན་ཁང་ནང་ཁ་རས་བརྒྱབ་ནས་ལས་ཀ་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་6ཚེས་22ཉིན། ཧྥ་རན་སེའི་གློག་བརྙན་ཁང་ལས་གཉེར་བྱེད་འགོ་ཚུགས་པ་དང་། འབྲེལ་ཡོད་རིམས་འགོག་བླང་བྱར་གཞིགས་ནས། ངོ་མི་ཤེས་པའི་ལྟད་མོ་བལྟ་མཁན་དབར་བར་ཐག་སྡོད་ས་གཅིག་བཞག་པ་དང་། ལྟད་མོ་བལྟ་མཁན་ཚོས་གློག་བརྙན་ཁང་གི་ཚོམས་ཆེན་དང་བར་ཁྱམས་སུ་ཁ་རས་རྒྱག་དགོས་ཤིང་། གློག་བརྙན་བལྟ་སར་ཁ་རས་རྒྱག་དགོས་ཀྱི་མེད་པ་རེད། གཞན་ཡང་། གློག་བརྙན་ཁང་གིས་ལྟད་མོ་བལྟ་མཁན་ཚོར་ལག་འཁྲུད་གཤེར་ཁུ་མཁོ་འདོན་བྱེད་དགོས་པ་དང་། གློག་བརྙན་མ་སྟོན་གོང་སྔོན་ལ་རིམས་འགོག་ཆ་འཕྲིན་སྟོན་དགོས་ཀྱི་ཡོད།
【1】  【2】
༄༅།།ཧྥ་རན་སེའི་གློག་བརྙན་ཁང་ལས་གཉེར་སླར་གསོ་བྱས་པ།